ལིས་ཀྲན་ཧྲུའུ་ཡིས་འཇར་པན་གྲོས་ཞུགས་ཁང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2019.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 102

ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འཇར་པན་རྒྱལ་ཚོགས་གྲོས་ཞུགས་ཁང་གི་དུས་བཅད་བརྗེ་རེས་ནང་རྐྱེན་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་པར་ཡོང་བའི་འཇར་པན་གྲོས་ཞུགས་ཁང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅོ་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འཇར་པན་རྒྱལ་ཚོགས་གྲོས་ཞུགས་ཁང་གི་དུས་བཅད་བརྗེ་རེས་ནང་རྐྱེན་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་པར་ཡོང་བའི་འཇར་པན་གྲོས་ཞུགས་ཁང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་ཀྱི་ཞི་བདེ་འཛམ་མཐུན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། རང་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་འཕེལ་རྒྱས་ཐད་ལའང་བྱས་རྗེས་གལ་ཆེན་བཞག་ཡོད། འདས་པའི་ལོ་གཅིག་གི་རིང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སིན་གཉིས་ཀྱིས་གྲོས་ཐེངས་གསུམ་ལ་བྱས་ནས་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་བགྲོད་ལམ་གསར་བ་ཞིག་ཏུ་བསྐྱོད་པར་སྣེ་ཁྲིད་མཛད། ད་ལོ་ནི་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བར་སྔར་ལས་ལྷག་པའི་ལེགས་བཅོས་དང་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་གལ་ཆེན་ལྡན་པའི་ལོ་ཞིག་རེད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལག་བསྟར་བཟང་བོ་བྱེད་པ་དང་འཐབ་ཇུས་བདེ་འཇགས་ཡིད་ཆེས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་རིག་གནས། ན་གཞོན་བར་གྱི་བརྗེ་རེས་སོགས་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་འཇར་པན་རྒྱལ་ཚོགས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་སྔར་ལས་ལྷག་པའི་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

འཇར་པན་གྲོས་ཞུགས་ཁང་གི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཨར་ཀྲི་ཐང་ཀྲི་སོགས་ཀྱིས་བསྟན་དོན། འཇར་པན་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས་ཕྱོགས་གཉིས་བར་གྱི་རྒྱུས་ལོན་ལ་སྐུལ་འདེད་བཏང་སྟེ། འཇར་པན་དང་ཀྲུང་གོའི་བར་གྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བར་བྱ་བ་སྔར་ལས་མང་པོ་བསྒྲུབ་འདོད་ཡོད་ཟེར།

ཚའོ་ཅན་མེན་མཇལ་འཕྲད་ལ་ཞུགས།