ཞི་ཅིན་ཕིང་གིས་རྒྱལ་ཁབ་དགུའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་གསར་པས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད་པར་མ་ཟད་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གསར་པར་མཇལ་འཕྲད་གནང་།
2019.02.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་དགུའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་གསར་པས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད།

མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་ཏུ་གུས་ལུགས་དམག་མིའི་རུ་ཁག་ས་གདན་དམར་པོའི་ལོགས་གཉིས་སུ་བསྒྲིགས་པ་དང་། རོལ་ཆས་འབུད་མཁན་གྱིས་མགྲོན་བསུའི་རོལ་དབྱངས་བུས་པ་ན། གཞུང་ཚབ་ཆེན་མོ་རྣམས་རིམ་བཞིན་དུ་པེ་ཅིན་ཚོམས་ཆེན་དུ་སོང་ནས། རིམ་པ་བཞིན་ཞི་ཅིན་ཕིང་ལ་རྒྱལ་ཡིག་སྤྲད། ཞི་ཅིན་ཕིང་གིས་ཁོ་ཚོར་བརྩེ་བའི་ཕྱག་འཇུ་གནང་བར་མ་ཟད་རེ་རེ་བཞིན་དུ་དྲན་རྟེན་གྱི་མཉམ་པར་བླངས། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་གསར་པ་དགུ་བོ་ནི། ཀྲུང་གོར་སྡོད་པའི་སར་ཝ་ཏོའི་གཞུང་ཚབ་ཆེན་མོ་ཏུའུ་ལན་དང་། ཀྲུང་གོར་སྡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཐང་ཡུང་ཧྲིན། ཀྲུང་གོར་སྡོད་པའི་ཐུའུ་ཁུའུ་མན་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཏུའུ་ཨར་ཏི་ཡེ་ཧྥུའུ། ཀྲུང་གོར་སྡོད་པའི་ཁི་ལོ་ཏི་ཡའི་གཞུང་ཚབ་ཆེན་མོ་མུས་ཧེ་ལིན། ཀྲུང་གོར་སྡོད་པའི་ཅིར་ཅི་སི་སི་ཐན་གྱི་གཞུང་ཚབ་ཆེན་མོ་པ་ཀི་ཐི་ཀུའུ་ལོ་ཝ། ཀྲུང་གོར་སྡོད་པའི་ཨེ་ཙི་ཨོ་ཕི་ཡའི་གཞུང་ཚབ་ཆེན་མོ་ཐི་ཞའོ་མཱེ། ཀྲུང་གོར་སྡོད་པའི་ཀི་ལིན་ན་ཏའི་གཞུང་ཚབ་ཆེན་མོ་ཏའེ་ཨེ་མཱེ། ཀྲུང་གོར་སྡོད་པའི་ཁིན་ཉི་ཡའི་གཞུང་ཚབ་ཆེན་མོ་སའེ་ལེ་མུའུ། ཀྲུང་གོར་སྡོད་པའི་མའོ་ལི་ཐ་ཉི་ཡའི་གཞུང་ཚབ་ཆེན་མོ་ཝེ་ལཱ་ལེ་བཅས་རེད།

ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ་ཀྲུང་གོར་ལས་འགན་སྒྲུབ་ཏུ་ཡོང་བར་དགའ་བསུ་ཞུས་པ་དང་། ཁོ་ཚོ་བརྒྱུད་ནས་རྒྱལ་ཁབ་དེ་དག་གི་འགོ་ཁྲིད་པ་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་བ་བཟང་པོར་གདེང་འཇོག་ལེགས་པོ་མཛད་པ་དང་། ཀྲུང་གོས་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་ལས་འགན་བསྒྲུབ་པར་སྟབས་བདེ་བཟོ་བ་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཚང་མས་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་བར་བྱས་རྗེས་ལེགས་པོ་འཇོག་རྒྱུ་ནི་རེ་བ་ཡིན་ཟེར།

གཞུང་ཚབ་པ་རྣམས་ཀྱིས་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་བྱས་པ་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གོའི་མི་དམངས་ལ་ལོ་སར་གྱི་སྨོན་འདུན་ཞུས། གཞུང་ཚབ་པ་རྣམས་ཀྱིས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་རིང་ལ། ཀུན་གྱིས་ཡིད་སྨོན་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཉིན་རེ་བཞིན་གལ་ཆེ་བའི་ནུས་པ་འདོན་བཞིན་ཡོད། རྒྱལ་ཁབ་སོ་སོས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། ཁོ་ཚོ་ཀྲུང་གོར་གཞུང་ཚབ་པའི་བྱ་བ་སྒྲུབ་ཏུ་ཡོང་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་ལ་ཡར་སྐུལ་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཉིན་དེར། ཞི་ཅིན་ཕིང་གིས་ད་དུང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གསར་པ་ནོ་ལོ་ཧྥུའུ་ལ་མཇལ་འཕྲད་གནང་ནས། ཁོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་གོང་འཕེལ་ཐད་བྱས་རྗེས་བཟང་པོ་འཇོག་རྒྱུའི་རེ་བ་བཏོན།

རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་གོང་གི་བྱ་འགུལ་ལ་ཞུགས།