ལིན་ཀྲན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་སོ་སོར་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།
2019.03.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 110

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲའོ་ལི་ཅི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ལའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཨན་ཧོས་འཐུས་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲའོ་ལི་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཅས་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་སོ་སོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས། ལི་ཀྲན་ཧྲུའུ་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་ནན་ཏན་གྱི་སྒོ་ནས་འཐུས་མི་ལི་རོས་དང་མཱ་ཡུས་ཧྲན། དབྱང་ཡུས་ཅིན་སོགས་ཀྱིས་གཏམ་བཤད་ལ་ཉན་རྗེས་གསུང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་བའི་བསམ་བློའི་འཐབ་ཕྱོགས་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཚན་རིག་ཁྲིམས་འཛུགས་དང་གཟབ་ནན་ཁྲིམས་བསྟར། དྲང་བདེན་ཁྲིམས་འཛིན། དམངས་ཡོངས་ཁྲིམས་བརྩི་བཅས་ལ་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གིས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་རེ་བ་ལག་བསྟར་བཟང་བོ་བྱས་ནས།  མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་ལམ་ལུགས་རེ་རེ་དང་ཁྲིམས་འཛིན་གྱི་གཏན་འཁེལ་རེ་རེ། ཁྲིམས་འཛིན་གྱི་གྱོད་དོན་རེ་རེ་བཅས་ཀྱི་ཁྲོད་ནས་བདེན་པ་བདེན་དྲང་ཡོང་བར་འབད་བརྩོན་བྱེད་དགོས་ཟེར།

ཝང་ཧུའུ་ཉིང་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་འཐུས་མི་དབྱང་ཅིན་ཧེ་དང་ཀྲིན་ལེན་ཧྲིན། ཧྲིན་ཅི་ལན་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། ཧྲན་ཞི་ཡི་བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་པ་དང་། རེ་བ་ཡིན་ན་ཧྲན་ཞི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ནན་ཏན་གྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་བྱ་བར་བཏོན་པའི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལ་སྣེ་ཁྲིད་བྱེད་པ། ལས་བྱེད་པས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་དགོས་ཟེར།

ཀྲའོ་ལི་ཅི་ལའོ་ཉིན་འཐུས་ཚབ་ཚོགས་པར་ཞུགས་ནས་གྲོས་ཞིབ་བྱས། ཁོང་གིས་འཐུས་མི་ཝུའུ་ཡན་ལེང་དང་ཏེ་ཞུའུ་ཧྲོང་སོགས་ཀྱིས་གཏམ་བཤད་ལ་ཉན་རྗེས་གསུང་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཤར་བྱང་འཕེལ་རྒྱས་དང་ལའོ་ཉིན་དར་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་འདོན་བཞིན་ཡོད་པས། རེ་བ་ཡིན་ན་ལའོ་ཉིན་གྱིས་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་བདེན་འཛིན་དངོས་གཉེར་བྱེད་པ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་བྱེད་ཐབས་ངེས་པ་དོན་གྱིས་ལེགས་བསྒྱུར་བྱེད་པ་དང་དཔལ་འབྱོར་གྱི་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། འཕར་སྣོན་གྱི་བྱེད་ཐབས་བསྒྱུར་བར་ཤུགས་བསྣན་ནས་འོས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་དགོས་པར་མ་ཟད། གསར་སྐྲུན་ཐོན་ལས་དང་ལས་རྣམ་གསར་བ། སྒུལ་ནུས་གསར་བ་བཅས་སྐྱེད་བསྲིང་བྱེད་དགོས་ཟེར།

ཧན་ཀྲིན་ཨན་ཧོས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་འཐུས་མི་ལི་ཀོ་དབྱིན་དང་ཀྲའོ་ཧྲོན་ཝུའུ་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། རེ་བ་ཡིན་ན་ཨན་ཧོས་ཡིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས། བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་པ་དང་དངོས་གཉེར་བདེན་འཛིན་བྱེད་པ། གསར་སྐྲུན་གསར་སྤེལ་བྱེད་པ། དབུས་རྒྱུད་དར་རྒྱས་འགྲོ་བའི་ཁྲོད་བགྲོད་ལམ་གསར་བ་བཏོད་ཐུབ་པ་དང་མཛེས་སྡུག་གི་མདུན་ལྗོངས་གསར་སྐྲུན་བྱེད་དགོས་ཟེར།