མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་ལྟ་ཞིབ་གནད་དོན་ལེགས་སྒྲིག་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2019.03.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལེགས་སྒྲིག་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཐེན་ཅིན་ཁྲིན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལེགས་སྒྲིག་བྱ་བར་མཐོང་ཆེན་བླ་མེད་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དངོས་སུ་བྱ་བར་བཀོད་སྒྲིག་བྱས་ནས། ཡུལ་དངོས་ནས་རྟོག་ཞིབ་དང་ལྟ་ཞིབ་བྱས། ས་གནས་དང་སྡེ་ཁག་སོ་སོས་གནད་དོན་ལེགས་སྒྲིག་སྐུལ་སྤེལ་བྱ་བར་ལས་དོན་མང་པོ་བསྒྲུབས་ནས། དུས་རིམ་རང་བཞིན་གྱི་ཕན་འབྲས་ངེས་ཅན་བླངས་ཡོད་ཟེར།