མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་བསམ་ཚུལ་བཏོན།
2019.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

མཚོ་སྔོན་ནི་ཐུན་མོང་མ་ཡིན་པའི་རི་ཆུའི་མཛེས་ལྗོངས་ཐོན་ཁུངས་མང་པོའི་ས་ཁུལ་དང་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པའི་གནས་སྐོར་ཐོན་ཁུངས་མང་པོའི་ས་ཁུལ་ཡིན་པའི་ཆ་ནས་སྐྱེ་ཁམས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྦས་ཤུགས་ཆེན་པོ་ཡོད། དེ་བས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གཏན་གནས་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ་སེམས་ཞིབ་མོས་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ལ་འཆར་གཞི་ལེགས་པོ་འགོད་པ་དང་། སྐྱེ་ཁམས་གནས་སྐོར་ཐོན་ཁུངས་བཟང་བོར་བརྟེན་ནས་ཐོན་རྫས་གྲགས་ཅན་གསར་སྐྲུན་བྱེད་དགོས་ལ། ཁོར་ཡུག་བཟང་བོ་གསར་སྐྲུན་བྱས་ཏེ་སྐྱེ་ཁམས་གནས་སྐོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པ་དང་། དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་སྟེ་མགྱོགས་མྱུར་སྒོས་གནས་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས་པའི་བསམ་ཚུལ་བཏོན།