ཝང་ཡུས་པའོ་དཔའ་ལུང་རྫོང་ནས་སྤེལ་བའི་འདྲི་རྟོག་ཆེན་མོ་དང་བརྟག་སེལ་ཆེན་མོ། རྟོག་ཞིབ་ཆེན་མོའི་བྱ་འགུལ་ལ་ཞུགས།
2019.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 192

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་དུ་སོང་ནས་དཔའ་ལུང་རྫོང་གིས་སྤེལ་བའི་འདྲི་རྟོག་ཆེན་མོ་དང་བརྟག་སེལ་ཆེན་མོ།  རྟོག་ཞིབ་ཆེན་མོའི་བྱ་འགུལ་ཞུགས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བར་བརྟག་དཔྱད་གཏིང་ཟབ་དང་ཀྲུང་དབྱང་ཆེད་དམིགས་སྐོར་ཞིབ་གནད་དོན་དག་ཐེར་དངོས་འབེབས་བྱས་པའི་གནས་ཚུལ་ལྟ་སྐུལ་མཛུབ་སྟོན་གནང་། ཁོས་བསྟན་དོན། གནད་དོན་དག་ཐེར་ཡོ་བསྲང་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་།  དག་ཐར་བྱས་ཏེ་ཡང་བསྐྱར་རྒྱུན་འཁྱོངས་བྱེད་པ།  ལས་དོན་ཁག་ལེགས་པོར་བསྒྲུབ་པར་སྐུལ་འདེད་ཤུགས་སྣོན་བྱེད་པ།  རྒྱལ་ཁ་ལོན་པའི་འདུ་ཤེས་ཀྱིས་དབུལ་ཐར་མཁྲེག་གཏོར་འཐབ་ཇུས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ཞེས་ནན་གྱིས་བསྟན།

ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན།  སློབ་སྦྱོང་བྱེད་པགཙོར་བཟུང་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་གླེང་གཞི་གལ་ཆེན་དང་ལྷག་པར་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་ཞུགས་པའི་ཀན་སུའུ་འཐུས་ཚབ་ཚོགས་པས་གྲོས་ཞིབ་སྐབས་སུ་བཏོན་པའི་གསུང་བཤད་དགོངས་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། བློ་ཐག་རྦད་ཆོད་ཀྱིས་གཡོ་འགུལ་མེད་པ་དང་ལྷོད་གཡེང་མི་བྱེད་པ།  སྒྱིད་ལུག་མི་བྱེད་པ་བཅས་ཀྱི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་དགོས། དག་ཐེར་བྱེད་པ་གཙོར་བཟུང་ནས།  གཅིག་ཤེས་ཀུན་གྲོལ་གྱིས་གནད་དོན་ཐག་གཅོད་པ་དང་བྱ་བ་ཚང་མ་དོན་འཁྱོལ་བྱེད་པ། བཅོལ་བའི་ལས་ལ་ལན་ཡོད་པ། སྲ་བརྟན་འདུ་ཤེས་བརྟན་པོར་བཙུགས་ནས།  ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར།  སློབ་གསོའི་དབུལ་སྐྱོར།  རྨང་གཞིའི་རྒྱུ་ཆ་འཛུགས་སྐྲུན་སོགས་ལས་དོན་གལ་ཆེན་བསྒྲུབ་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།  དམིགས་འབེན་མི་འགྱུར་བ་དང་འབེན་སྙིང་མི་འཁྱོར་བ།  ནུས་ཤུགས་མི་ཉམས་པར་ཁག་ཐེག་བྱེད་དགོས།  དཔེ་གཞི་གཙོར་བཟུང་ནས།  ཉམས་མྱོང་སྤྱི་སྡོམ་དང་དཔེ་གཞིའི་སྣེ་ཁྲིད།  བྱ་བའི་ཆུ་ཚད་རྒྱུན་མཐུད་མཐོར་འདེགས་གཏོང་དགོས།