ལིས་ཁི་ཆང་ཀྲུང་གོ་དང་ཁི་ལོ་ཏེ་ཡའི་རིག་གནས་གནས་སྐོར་ལོའི་འགོ་རྩོམ་མཛད་སྒོ་ལ་ཞུགས།
2019.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་སྔ་དྲོར། ལིས་ཁི་ཆང་ས་ཀི་ལི་པུའུ་ཁི་ལའོ་ཝེ་ཨོ་ཕོ་བྲང་སྒྱུ་རྩལ་ཁང་ནས་ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་དང་མཉམ་དུ་ཀྲུང་གོ་དང་ཁི་ལོ་ཏེ་ཡའི་རིག་གནས་དང་གནས་སྐོར་ལོའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་སྔ་དྲོར། ལིས་ཁི་ཆང་ས་ཀི་ལི་པུའུ་ཁི་ལའོ་ཝེ་ཨོ་ཕོ་བྲང་སྒྱུ་རྩལ་ཁང་ནས་ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་དང་མཉམ་དུ་ཀྲུང་གོ་དང་ཁི་ལོ་ཏེ་ཡའི་རིག་གནས་དང་གནས་སྐོར་ལོའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁི་ལོ་ཏེ་ཡ་གཉིས་ཀའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཕུན་སུམ་ཚོགས་པའི་རིག་གནས་དང་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ཡོད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་གནས་སྐོར་རྒྱ་སྐྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ན་ནིང་ཁི་ལོ་ཏེ་ཡ་རུ་གནས་སྐོར་ལ་ཡོང་བའི་ཀྲུང་གོའི་གནས་སྐོར་བ་འབུམ་གཉིས་དང་ཁྲི་ལྔ་ལྷག་ཡོད་པ་དང་། ང་ཚོས་ཆ་རྐྱེན་འདང་དུས། རྒྱལ་ཁབ་གཉིས་བར་དུ་ཚོང་ར་དང་ཚོང་ལས་ཀྱི་རྩ་དོན་ལྟར་གྲུ་གཟིངས་ཐད་གཏོད་བྱས་ནས། མི་སྣ་འགྲོ་འོང་བྱེད་པའི་ཐད་སྟབས་བདེ་སྔར་ལས་ཆེན་པོ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད། ཁི་ལོ་ཏེ་ཡས་ཀྲུང་གོ་གནས་སྐོར་བ་སྔར་ལས་མང་པོ་ནང་འགུག་བྱེད་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཁི་ལོ་ཏེ་ཡའི་གྲོགས་པོ་སྔར་ལས་མང་པོ་ཀྲུང་གོ་རུ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཕུའུ་ལེན་ཁི་ཝེ་ཆི་ཡིས་བསྟན་དོན། ཁི་ལོ་ཏེ་ཡའི་མི་དམངས་་ཕུན་སུམ་ཚོགས་པའི་ཀྲུང་གོའི་རིག་གནས་དང་ཀྲུང་ཧྭའི་དཔལ་ཡོན་ལ་སྤྲོ་བ་ཆེན་པོ་ཡོད་ལ། ཁི་ལོ་ཏེ་ཡས་ཀྲུང་གོ་དང་མཉམ་དུ། རིག་གནས་དང་གནས་སྐོར་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་འདོད་ཡོད་ཟེར།

དེའི་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་རིག་གནས་དང་གནས་སྐོར་ལོའི་བྱང་བུ་སྟེང་གི་ཡོལ་རས་བླངས་པ་མ་ཟད། ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་གླིང་ག་ག་རིག་དངོས་འགྲེམ་སྟོན་གཟིགས་སྐོར་མཛད།

ཝང་དབྱི་དང་ཧི་ལིས་ཧྥུན་གཉིས་གོང་གི་བྱ་འགུལ་དག་ལ་ཞུགས།