ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།
2019.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ཞིང་ཆེན་ལེང་ཧྲན་ཁུལ་མུའུ་ལི་རྫོང་གི་ནགས་ཚལ་མེ་སྐྱོན་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། མཚོ་སྔོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ནི། ནགས་ཚལ་མེ་འགོག་དང་མེ་གསོད་བྱ་བར་དམིགས་ཏེ་གནང་བའི་བླང་བྱ་གལ་ཆེན་ཞིག་ཡིན་ལ། བདེ་འཇགས་ཐོན་སྐྱེད་བྱ་བར་གནང་བའི་ཉེན་བརྡ་གལ་ཆེན་ཞིག་ཀྱང་ཡིན་པས། ང་ཚོའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་དང་ཆོས་ཉིད་ཡང་དག་འདོན་སྤྲོད་བྱས། བསམ་བློ་གཅིག་གྱུར་བྱེད་པ་དང་ངོས་ཟིན་མཐོར་འདེགས་སུ་གཏོང་བ། འོས་འགན་དངོས་འབེབས་བྱེད་པ། བྱ་བ་བཟང་བོར་བསྒྲུབ་པ་བཅས་ལ་འབད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ལ་དུས་ཚིགས་ཀྱི་དབྱེ་བ་མེད་པས། དུས་རྒྱུན་པར་ཉེན་ཁ་འབྱུང་སྲིད། ད་ལོར་དོན་ཆེན་མང་ལ་དོན་བཟང་མང་པར་མ་ཟད། དོན་དག་གལ་ཆེན་ཡང་མང་བར་བརྟེན། བདེ་འཇགས་ཐོན་སྐྱེད་ནི་བདེ་ཐང་དང་བརྟན་འཇགས་ལ་འགན་ལེན་བྱེད་པའི་ཚད་ཤིང་ལྟ་བུ་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་བྱ་བར་བཀོད་སྒྲིག་ཁ་གསལ་བཏོན་ཡོད་ཅིང་། དེ་བསྟུན་གྱི་བླང་བྱ་ཞིབ་ཕྲའང་བཏོན་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་གོ་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་མཐོང་ཆེན་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་མེ་འགོག་སོགས་ཀྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་མཐར་ཕྱིན་བྱས་ཏེ། བདེ་འཇགས་དོན་རྐྱེན་དང་ནགས་ཚལ་མེ་སྐྱོན་ཆེ་གྲས་མི་འབྱུང་བར་སྔོན་འགོག་གང་ལགེས་བྱས་མཐར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་བོའི་བདེ་སྡོད་བརྟན་འཇགས་ལ་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།