རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་པེའོ་ཡིས་ཁྲིད་པའི་འཐུས་ཚབ་ཚོགས་པས་ཨོ་སི་ཁྲུ་རི་ཡར་འཚམས་འདྲི་བྱས།
2019.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་མི་དམངས་ཞི་བདེ་བརྩོན་ལེན་དང་དམག་མི་ཉུང་འཕྲི་མཐུན་ཚོགས་ཀྱི་ཚོགས་གཙོ་མ་པེའོ་ཡིས་ཁྲིད་པའི་འཐུས་ཚབ་ཚོགས་པས་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་ཨོ་སི་ཁྲུ་རི་ཡར་འཚམས་འདྲི་བྱས་པར་མ་ཟད་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཨ་ཕེ་ལ་ཐུག་འཕྲད་བྱས་པ་དང་། ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་གྲོས་མིའི་ཚན་ཆུང་གི་ཀྲུའུ་ཞི་ཝེ་ཐི་མན་དང་ས་ཨར་ཚིས་པོ་ཀྲིག་གི་གྲོས་དཔོན་ཕ་ཨར་ལའོ་ཧྥུའུ་སོགས་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བ་དང་གྲོས་ཁང་དང་དམངས་ཁྲོད་བར་གྱི་འགྲོ་འོང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་སོགས་ཕྱོགས་ནས་བསམ་འཆར་བརྗེ་རེས་བྱས། འཐུས་ཚབ་ཚོགས་པས་ད་དུང་ཨོ་སི་ཁྲུ་རི་ཡ་དང་ཡོ་རོབ་གླིང་བདེ་འཇགས་སྲིད་ཇུས་ཞིབ་འཇུག་ཁང་དང་ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་སོགས་རྩ་འཛུགས་དང་བཞུགས་མོལ་བྱས་ནས་བསམ་བློ་བརྗེ་རེས་བྱས།