ལིས་ཀྲན་ཧྲུའུ་ཡིས་སར་ཝ་ཏོལ་གྱི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་དང་པོར་མཇལ་འཕྲད་གནང་།
2019.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སར་ཝ་ཏོལ་གྱི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་དང་པོ་ཨོ་ལན་ཐི་སི་ལ་མཇལ་འཕྲད་གནང་།


རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅོ་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སར་ཝ་ཏོལ་གྱི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་དང་པོ་ཨོ་ལན་ཐི་སི་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ན་ནིང་གི་ཟླ་བརྒྱད་པའི་གནང། སར་ཝ་ཏོལ་སྲིད་གཞུང་དང་མི་དམངས་ཀྱིས་ལོ་རྒྱུས་རང་བཞིན་གྱི་གདམ་གསེས་བྱས་ནས། ཀྲུང་གོ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་བརྒྱ་དང་དོན་བརྒྱད་པར་གྱུར། ལོ་རྒྱུས་ཀྱིས་ཀྲུང་གོ་ནི་སར་ཝ་ཏོལ་གྱིས་ཡིད་རྟོན་བྱེད་ཆོག་པའི་གྲོགས་པོ་བཟང་བོ་ཡིན་ལ། ཀྲུང་གོ་ནི་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པ་ར་སྤྲོད་བྱེད་ཐུབ་པ་དང་། སེམས་འདུན་ཆེས་ཆེན་པོ་ནི་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་རོགས་བྱེད་རྒྱུ་དེ་ཡིན། སར་ཝ་ཏོལ་གྱིས་མཉམ་ལས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ། ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གཉིས་ཕན་གཞིར་བཟུང་ནས། བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་སར་ཝ་ཏོལ་གྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་སར་ཝ་ཏོལ་གྱི་རྒྱལ་དམངས་གྲོས་ཁང་བར་གྱི་མཛའ་བརྩེ་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།

ཨོ་ལན་ཐི་སི་ཡི་བཤད་རྒྱུར། སར་ཝ་ཏོལ་ལ་ཀྲུང་གོ་ལྟ་བུའི་གྲོགས་པོ་བཟང་བོ་དང་བློ་གཏད་ཆོག་པའི་མཉམ་ལས་གྲོགས་པོ་དགོས་ལ། སར་ཝ་ཏོལ་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། སར་ཝ་ཏོལ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།