རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་སུམ་ཅུ་བ་བསྡུས།
2019.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་སུམ་ཅུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད།


རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་སུམ་ཅུ་བ་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཚོགས་ཐོག་ནས་ཁྲིམས་དཔོན་བཅའ་ཁྲིམས་དང་ཞིབ་དཔྱོད་དཔོན་པོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་ཐེངས་གསུམ་པའི་གྲོས་ཞིབ་མ་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་། ཨར་ལས་བཅའ་ཁྲིམས་སོགས་བཅའ་ཁྲིམས་བརྒྱད་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གྲུབ་འབྲས་སྐོར་གྱི་སྙན་ཞུ་ཕུལ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཡེ་སོས་ཀྱིས་ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པ་པ་ཏོ་སིའི་ཉེས་དོན་ཁྲིམས་འཛིན་རོགས་སྐྱོར་སྐོར་གྱི་སྲོལ་ཡིག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་སའེ་པད་ཅང་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ཁྲིམས་བཅད་ཉེས་ཅན་བརྒྱུད་སྤྲོད་དོ་དམ་བྱེད་པའི་སྐོར་གྱི་སྲོལ་ཡིག་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་དང་ཆོག་མཆན་འགོད་པའི་གཏན་ཁེལ་འཆར་ཟིན་སྐོར་གྱི་སྙན་ཞུ་ཕུལ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་ཚོགས་ཐོག་ནས་ཧི་དབྱི་ཁྲིན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ལས་འགན་གྱི་རྩ་དགོངས་ཞུ་བའི་རེ་བར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། འཐུས་མི་སྐོར་ཞིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་ཇུས་གཞིའི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་། གོང་གསལ་གྱི་འཆར་ཟིན་དག་གི་བསམ་འཆར་བརྡས་གཅོད་མ་ཟིན་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།