ཞི་ཅིན་ཕིང་མི་དམངས་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་དམག་གཟིགས་བྱ་འགུལ་ལ་ཞུགས།
2019.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 109

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ཆིན་ཏའོ་ནས་སྤེལ་བའི་མི་དམངས་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཐོ་ཐོག་དམག་གཟིགས་བྱ་འགུལ་ལ་ཞུགས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ཆིན་ཏའོ་ནས་སྤེལ་བའི་མི་དམངས་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་དམག་གཟིགས་བྱ་འགུལ་ལ་ཞུགས།

ཉིན་དེའི་དུས་ཚོད་བཅུ་གཉིས་དང་སྐར་མ་བཞི་བཅུའི་སྟེང་ཞི་ཅིན་ཕིང་ཆིན་ཏའོ་ཨོ་རྩལ་ལྟེ་གནས་གྲུ་ཁར་ཕེབས་པ་དང་། རྔམ་བརྗིད་ལྡན་པའི་རོལ་མོའི་ཁྲོད་དུ་ཞི་ཅིན་ཕིང་གིས་མཚོ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་རྗེས་དམག་གཟིགས་གྲུ་ཐོག་ཏུ་ཕེབས། དམག་གཟིགས་མཛད་སྒོ་འགོ་བརྩམས་རྗེས་དཔོན་དམག་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་གིས་དཔོན་དམག་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས། ཁོང་གིས་མི་དམངས་མཚོ་དམག་གི་འཛུགས་སྐྲུན་ཐད་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྔ་གཞུག་ཏུ་ཐེངས་མང་པོར་མཚོ་དམག་དམག་དཔུང་དུ་གཟིགས་ཞིབ་གནང་སྟེ་ཧུར་ཐག་སྒོས་མི་དམངས་མཚོ་དམག་དེ་འཛམ་གླིང་ཡོངས་སུ་མིང་གྲགས་ཆེ་བའི་མཚོ་དམག་ཅིག་ཏུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེའི་དུས་ཚོད་བཅོ་ལྔ་དང་སྐར་མ་སུམ་ཅུའི་སྟེང་མི་དམངས་མཚོ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་དམག་གཟིགས་བྱ་འགུལ་ཡོངས་སུ་མཇུག་སྒྲིལ།

ཞུའུ་ཆི་ལེང་དང་ཏེན་ཞའོ་ཞང་ཝེ་ཧྥིན་ཧི། ཝང་དབྱི་སོགས་བྱ་འགུལ་ལ་ཞུགས།