2019ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་ཚོགས།
2019.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

2019ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་བཟོ་བའི་གདོང་ལེན་པའི་གཟེངས་བསྟོད་ཚོགས་ཆེན་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས།

ཐུན་མོང་གོ་གཉིས་ལ་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་པ་དང་། མི་སྒེར་དྲུག་བརྒྱ་དང་གོ་ལྔ་ལ་ལྔ་གཅིག་ངལ་རྩོལ་བྱ་འགའི་གཟེངས་རྟགས་ཐོབ་ལ། ཐུན་མོང་བདུན་བརྒྱ་དང་གོ་བདུན་ལ་བཟོ་བའི་གདོང་ལེན་པའི་མཚན་སྙན་ཐོབ། ཚོགས་ཐོག་ཏུ། བྱ་དགའ་ཐོབ་པའི་འཐུས་ཚབ་མི་སྣས་གཏམ་བཤད་སྐབས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། ལས་བཀུར་ལས་གཅེས་དང་འབད་འཐབ་བློས་གཏོང་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། ཚོགས་ཐོག་ཏུ་རྒྱ་ཆེའི་ལས་བཟོ་བ་ཚོས་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བྱས་ནས། དུས་རབས་གསར་བའི་ནང་གྲུབ་འབྲས་གསར་བ་བསྐྲུན་རྒྱུའི་འབོད་སྐུལ་བཏང་།