མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་གཙང་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2019.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ་མ་ཐག མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་གཙང་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་། ཙུང་ལི་ལིས་ཁི་ཆང་གི་གསུང་བཤད་བླང་བྱ་དངོས་འབེབས་ནན་མོ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལྟར་དུ། ཁྱབ་ཁོངས་གཙོ་བོ་འབུར་དུ་ཐོན་པར་བྱེད་པ་དང་རང་བདག་འགན་འཁྲི་གཡོལ་མེད་ཕྲག་སྟེང་དུ་བླངས་ནས། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་གི་མ་ལག་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཡང་དག་བླངས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་པ་དང་། བཅོས་སྒྱུར་འཕེལ་རྒྱས་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་སྲིད་གཙང་ཅན་དུ་བསྒྱུར་བའི་ལས་རིམ་གཉིས་དམ་པོར་བཟུང་བ། ཆད་གཅོད་སྔོན་འགོག་གཉིས་གཞི་གཅིག་ཏུ་བཟུང་བ། ཆབ་སྲིད་སྒྲིག་ཁྲིམས་སྔར་ལས་ཇེ་དམ་དུ་བཏང་བ། སྒྲིག་ཁྲིམས་ནན་འཛིན་བྱས་པ། ཁྲིམས་ལྟར་སྲིད་འཛིན་བྱས་པ། སྤྱོད་ལམ་འཛུགས་སྐྲུན་བྱས་པ། རང་བདག་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་བཏང་ནས། སྲིད་གཞུང་མ་ལག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བར་གྲུབ་འབྲས་གསར་བ་བླངས་ཡོད་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་ཐུན་མོང་གི་ལྟ་བ་གཅིག་བསྡུས་བྱེད་པ། བྱེད་ཕྱོགས་ཞིབ་ཕྲ་ཅན་དུ་བསྒྱུར་བ། དངོས་འབེབས་དམ་འཛིན་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། ཁག་ཁུར་གྱི་སྙིང་སྟོབས་བཅས་ལ་བརྟེན་ནས། སྲིད་གཞུང་མ་ལག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་པོར་བཟུང་མཐར། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་། ཐེན་ཅིན་ཁྲིན། ཀྲང་ལིས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ལིག་ཐའོ་བཅས་ཚོགས་འདུར་ཞུགས།

ཡིག་སྒྱུར་བ། བན་དེ་སྐྱབས།