རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2019.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་ཞོ་ཏུའུ་བཅས་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གནང་ནས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་འབྲེལ་ཡོད་བླང་བྱ་ལྟར། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིག་ཧི། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དང་ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་སྲིད་ཨུ་ཡོན་ཞའོ་ཅེ་ཡིས་གྲོས་ཚོགས་འགོ་མཛིན་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་ཞོ་ཏུའུ་བཅས་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས།

ལིས་ཁི་ཆང་གིས་གསུང་རྒྱུར། འདས་པའི་ལོ་གཅིག་གི་ནང་། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་མ་ཟད། དེའི་ཐད་གནས་པའི་གནད་དོན་ཡང་མི་ཉུང་བ་རྙེད་པས། མུ་མཐུད་དུ་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། རིམ་པ་སོ་སོའི་སྲིད་གཞུང་གིས་འཕེལ་རྒྱས་སུ་གཏོང་བ་དང་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པར་མཉམ་དུ་དམ་འཛིན་དང་མཉམ་དུ་སྐུལ་འདེད་གཏོང་དགོས། གཞི་ཁྱོན་སྔར་ལས་ཆེ་བའི་ཁྲལ་འཕྲི་དངུལ་གཅོག་ལག་བསྟར་བྱེད་པ་དང་། སྒྲིག་ལམ་དམ་པོ་བྱེད་པ།  ཕྲལ་འཁྲི་ཐད་ཀྱི་ཁེ་ཕན་མིག་མཐོང་ལག་ཟིན་བྱེད་ཐུབ་པར་བྱེད་དགོས། རང་དགར་བསྐྱུར་བའི་མ་དངུལ་དང་རྒྱུ་ནོར་བཀོལ་སྤྱོད་བྱེད་པ་དང་། སྲིད་འཛིན་ཐད་ཀྱི་འགྲོ་གྲོན་ཇེ་ཉུང་དུ་བཏང་སྟེ། དམངས་ཚིས་སོགས་ཐད་ཀྱི་འགྲོ་གྲོན་གཙོ་བོར་ཁག་ཐེག་བྱེད་དགོས། ནོར་སྲིད་སྒྲིག་ལམ་ཇེ་དམ་དུ་བཏང་ནས། སྔོན་རྩིས་ཀྱི་གཏན་ཁེལ་དང་འགལ་བར་མི་བྱེད་པ་དང་། སྔོན་རྩིས་དོ་མཉམ་ཡོང་ཆེད་གང་འདོད་དུ་དངུལ་བསྡུ་བའི་བྱེད་ཐབས་གཏན་ནས་སྤྱོད་མི་རུང་། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱས་ནས། རུལ་སུངས་སྤྱོད་ཚུལ་ལ་སྔོན་འགོག་བྱེད་དགོས་ཟེར།