མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་གྲོས་ཚོགས་བསྡུས།
2019.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 62

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་ཚོགས་འདུར་ཞུགས། ཆིན་ཧྭ་སློབ་ཆེན་ཀྲུང་གོ་རྣམ་པ་གསར་བའི་མཁར་གྲོང་ཅན་ཞིབ་འཇུག་གླིང་གི་ལག་བསྟར་ཡོན་ཀྲང་གཞོན་པ་དབྱི་ཀྲི་ཡིས། ཀྲུང་གོའི་མཁར་གྲོང་ཅན་གྱི་ཆེ་ཕྱོགས་ནས་མཚོ་སྔོན་གྱི་མཁར་གྲོང་ཅན་གྱི་འཕེལ་རྒྱས་ལ་བལྟ་བ་ཞེས་པ་བརྗོད་དོན་དུ་བཟུང་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་སློབ་སྦྱོང་གྲོས་ཚོགས་ལ་འགོ་འཛིན་བྱས།

དབྱི་ཀྲི་ཡིས་ཀྲུང་གོ་མཁར་གྲོང་ཅན་གྱི་སྤྱིའི་འཕེལ་སྟངས་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་ཀྲུང་གོའི་ཀྲུང་ཁྱེར་ཚོགས་པའི་འཕེལ་རྒྱས་གནས་སྟངས། མཚོ་སྔོན་མཁར་གྲོང་ཅན་གྱི་རྣམ་པ། མཚོ་སྔོན་མཁར་གྲོང་ཅན་གྱི་བར་སྟོང་རྣམ་པ། སྐྱེ་ཁམས་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པ། རྨང་གཞི་སྒྲིག་ཆས་མཉམ་འབྲེལ་མཉམ་སྒུལ་བྱེད་པ། ཐོན་ལས་ཁག་བགོས་མཐུན་སྦྱོར་ཡོང་བར་བྱེད་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་བྱེད་པ། ཕྱི་ནང་གཉིས་ཀར་སྒོ་འབྱེད་མཉམ་ལས་བྱེད་པ་བཅས་ཀྱི་ཕྱོགས་གཙོ་བོ་བརྒྱད་གནད་སར་བཟུང་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་བཤད་རྒྱུར། ཐེངས་འདིའི་སྙན་ཞུའི་བརྗོད་དོན་ལེགས་ཤིང་ཁྱབ་ཁོངས་ཆེ་བ། ཞིབ་འཇུག་གནད་སྨིན་བྱས་ཡོད་པ། སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་གོ་བ་ཡང་དག་ལོན་པར་བྱེད་པ་དང་དེར་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁར་གྲོང་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

ཝང་ཡུས་པོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། མཁར་གྲོང་ཅན་ནི་དེང་རབས་ཅན་གྱི་མ་བརྒྱུད་ཐུ་མེད་ཀྱི་བགྲོད་ལམ་ཞིག་ཡིན་པས། མཁར་གྲོང་ལག་བསྟར་འཐབ་ཇུས་ནི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་ཡོང་བར་བྱེད་ནུས་མི་དམན་པ་ཡོད་ཟེར།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་ཏང་ཨུའི་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

ཡིག་སྒྱུར་བ། བན་དེ་སྐྱབས།