མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལས་ཁུངས་ཀྱིས་ལྟ་ཞིབ་ལས་བྱེད་པའི་ནུས་པ་མཐོར་འདེགས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།
2019.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཨུའི་ལས་ཁུངས་ཀྱི་ལྟ་ཞིབ་ལས་བྱེད་པའི་ནུས་པ་མཐོར་འདེགས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟླ་ལྔ་བའི་ཚེས་དྲུག་ཉིན་ཟི་ལིང་ནས་བསྡུས་ཏེ། དུས་རབས་གསར་བའི་ཏང་གི་ལྟ་ཞིབ་བྱ་བའི་ཆབ་སྲིད་རང་བཞིན་དང་དབང་ཟིལ་རང་བཞིན། ཕན་ནུས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ཨུའི་ལྟ་ཞིབ་བྱ་བའི་ཞབས་ཞུ་གསུམ་གྱི་ཆུ་ཚད་མཐོར་འདེགས་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པའི་ཐད་ནས་ཞིབ་སྡུར་བརྗེ་རེས་དང་ལས་སྒོའི་གསོ་སྦྱོང་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཡིས་གཏམ་བཤད།

ཡུས་ཚོང་ལི་ཡིས་བསྟན་དོན། 2019ལོ་དེ་མཚོ་སྔོན་ཞིང་ཆེན་གྱི་སྲིད་ཇུས་ལག་བསྟར་ལོ་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལོར་གཏན་ཁེལ་བྱས་པ་དང་། གནས་བབ་གསར་བ་དང་ལས་འགན་གསར་བས་ཏང་ཨུའི་ལྟ་ཞིབ་ལས་བྱེད་པར་རེ་བ་སྔར་ལས་མཐོན་པོ་བཏོན་ཡོད། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་པར་རྒྱུན་འཁྱོངས་བྱས་ནས། སྲུང་སྐྱོབ་གཉིས་ཀྱི་ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ཨུའི་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ནུས་པ་དང་ལྟ་ཞིབ་ནུས་པ། གནད་དོན་ཐག་གཅོད་པའི་ནུས་པ་མཐོར་འདེགས་བྱེད་དགོས། ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ལས་སྒོའི་བྱང་ཚད་མཐོར་འདེགས་བཏང་སྟེ། སྣང་བརྙན་བཟང་བོ་བསྐྲུན་དགོས་ཟེར།

ཡུས་ཚོང་ལི་ཡིས་ནན་གྱིས་བསྟན་དོན། ཏང་གི་ཡར་སྐུལ་བརྟག་བཤེར་བྱ་བའི་འགན་འཁྲི་གཟི་བརྗིད་ལྡན་ཞིང་འགན་འཁྲི་ཧ་ཅང་ལྕི། རིམ་པ་སོ་སོའི་ཏང་ཨུའི་ལྟ་ཞིབ་བྱ་བ་སྒྲུབ་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལག་བསྟར་དམ་འཛིན་བྱས་ནས་ལྟ་ཞིབ་བྱ་བ་བཟང་བོ་བསྒྲུབ་པའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློའི་གོ་རྟོགས་སྔར་ལས་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། སྤྱི་ཡོངས་ལ་དམིགས་པ། བསམ་གཞིགས་གཏོང་བ། འགྱུར་ལྡོག་དང་མཐུན་པར་བྱེད་པ། ལྟ་ཞིབ་བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་པ། ཏང་ལ་བློ་དཀར་བ་དང་འགན་འཁྲི་ལག་བསྟར་བྱེད་པར་བརྟེན་ནས་གོ་གནས་ཇེ་མཐོར་གཏོང་བ་དང་དབང་ཟིལ་ཇེ་དྲག་ཏུ་བཏང་སྟེ། རྒྱུན་མ་ཆད་པར་དུས་རབས་གསར་བའི་ལྟ་ཞིབ་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ཨུའི་ལས་ཁུངས་ཀྱི་ལྟ་ཞིབ་ལས་བྱེད་པ་བརྒྱ་དང་བཅུ་བདུན་དུས་ཡུན་གསུམ་རིང་གི་གསོ་སྦྱོང་ལ་ཞུགས།