ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ཐུང་ཕ་ཧྥུ་ལོ་ཕུའུ་ལོ་སི་ལ་མཇལ་འཕྲད་གནང་།
2019.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལོ་ཕུའུ་ལོ་སི་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཞི་ལ་གཉིས་ལ་དུས་ཡུན་རིང་བའི་དཔལ་ཡོན་དང་འོད་སྟོང་འབར་བའི་རིག་གནས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ཡུན་རིང་ཞིང་བརྟན་པོ་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་ཕན་ཚུན་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ནས། ཆབ་སྲིད་དང་དཔལ་འབྱོར་སྟེང་གི་གྲོགས་པོ་བཟང་པོ་ཡིན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་འཕེལ་རྒྱས་ཆུ་ཚད་མཐོན་པོར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་ལ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་འདུ་ཤེས་ལག་བསྟར་དངོས་འབེབ་བྱེད་འདོད་ཡོད་ལ། མཐོ་རིམ་འགྲོ་འོང་དམ་ཞིང་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། ལག་རྡང་མཉམ་སྦྲེལ་གྱིས་རྒྱུད་གཅིག་ལམ་གཅིག་གི་ཁྱད་ཆོས་གསར་བ་མཉམ་སྐྲུན་བྱས་ཏེ། མཉམ་ལས་ཀྱི་གྲུབ་འབྲས་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། ཀྲུང་གོ་མི་དམངས་འཐུས་མི་ཚོགས་ཆེན་ཞི་ལའི་གྲོས་མོལ་དང་མཉམ་དུ་ཕན་ཚུན་འགྲོ་འོང་དང་། བཅའ་ཁྲིམས་འཛུགས་པ། ལྟ་སྐུལ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་ཀྲུང་གོ་དང་ཞི་ལའི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།                 
 ཕ་ཧྥུའུ་ལོ་ཕུའུ་ལོ་སིས་བསྟན་དོན། ཞི་ལ་ཡིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས་ཆེན་པོ་ལ་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་ཡོན་བརྗེ་རེས་བྱས་ནས། ཀྲུང་གོ་དང་ཞི་ལ་བར་གྱི་ཡོ་རབ་གླིང་གི་ཁྱབ་ཁོངས་ཀྱི་མཉམ་ལས་ཁྱབ་ཁོངས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཨེ་ལིས་ཀིན་ཡེ་མིན་པཱ་ཧེ་མཇལ་འཕྲད་ལ་ཞུགས།