ཝང་ཆི་ཧྲན་གྱིས་ཁམ་ཕུ་ཁྲེ་ཡི་རྒྱལ་བོ་ལ་མཇལ་འཕྲད་གནང་།
2019.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནང་ཁམ་ཕུ་ཁྲེ་ཡི་རྒྱལ་བོ་ཞི་ཧྭ་མོ་ཉི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་བརྩེ་ཡི་རྒྱུན་རིང་ཞིང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་རྒྱལ་རྒྱུད་བར་གྱི་མཛའ་བརྩེ་ཡང་ཧ་ཅང་རྩ་ཆེ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་འགོ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བོ་དུས་སྐབས་སུ་སླེབས་ཡོད་ལ། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་འགུལ་སྐྱོད་འཆར་གཞི་བཀོད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་བསྩལ། འཛམ་གླིང་གི་རིག་གནས་མི་འདྲ་བའི་བར་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བཟོད་སྒོམ། ཕན་ཚུན་དཔེ་ལྟ་བྱེད་པ་དང་། མཉམ་བསྲེས་འཕེལ་རྒྱས་སུ་གཏོང་འོས། ཡ་གླིང་གི་རྒྱལ་ཁབ་སོ་སོས་གནའ་བོའི་འོད་སྟོང་འབར་བའི་ཡ་གླིང་གི་དཔལ་ཡོན་ཁྲོད་ནས་ཉིང་བཅུད་བསྡུ་རུབ་བྱེད་པ་དང་། མི་དམངས་ཀྱི་རིག་གནས་རང་རྟོན་ཇེ་དྲག་ཏུ་གཏོང་བ། མཉམ་དུ་ཡ་གླིང་གི་འཕེལ་རྒྱས་གསར་བ་མངོན་འགྱུར་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་དགོས་ཟེར།

ཞི་ཧྭ་མོ་ཉི་ཡིས་བསྟན་དོན། ཀྲུང་གོར་ཡོང་ནས་ཡ་གླིང་དཔལ་ཡོན་གྲོས་མོལ་ཚོགས་འདུར་ཞུགས་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ལ། ཁམ་ཕུ་ཁྲེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་གཞི་དང་དགོངས་དོན་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད་པ་དང་།  ཀྲུང་གོའི་ཁྱབ་ཁོངས་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། དུས་སྐབས་གསར་བའི་ནང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།




ལོ་ཙཱ་བ། རིན་ཆེན་མཚོ།