ཝང་ཧུའུ་ཉིང་གིས་སིང་ཀ་ཕོར་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2019.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནང་སིང་ཀ་ཕོར་གྱི་ཙུང་ཐུང་ཧྭ་ལིས་མཱ་ལ་མཇལ་འཕྲད་གནང་།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནང་སིང་ཀ་ཕོར་གྱི་ཙུང་ཐུང་ཧྭ་ལིས་མཱ་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་སིང་ཀ་ཕོར་གྱི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་བརྟན་པ་དང་། འབྲེལ་བ་བཙུགས་པའི་ཚུན་དུ། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་། ད་ལོར་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་སྔར་ལས་དམ་ཟབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་བར་བྱུང་བའི་ཐུན་མོང་གི་ལྟ་བས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོས་སིང་ཀ་ཕོར་དང་མཉམ་དུ། ཐུན་མོང་གི་ལྟ་བ་དེ་དག་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་དེ་གོ་སྐབས་སུ་བརྩི་བ། སྤུས་ཚད་མཐོན་པོའི་དངོས་གཉེར་མཉམ་ལས་སྤེལ་བ། ཆུ་ཚད་མཐོ་བའི་བརྗེ་རེས་དཔེ་ལྟ་དང་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧྭ་ལིས་མཱ་ཡིས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། ཡ་གླིང་རིག་གནས་གྲོས་མོལ་ཚོགས་ཆེན་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོ་སིང་ཀ་ཕོར་ལ་མཚོན་ན་ཧ་ཅང་གལ་ཆེ་བ་དང་། སིང་ཀ་ཕོར་གྱིས་ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་སྐྱེད་དེ། འབྲེལ་ཡོད་ལས་གཞི་ཆེན་མོ་ལག་བསྟར་བཟང་བོ་བྱེད་འདོད་ཡོད་ཟེར།