ཝང་ཅན་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ཡི་བྱ་བར་རྟོག་ཞིབ་བྱས།
2019.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ཡི་ཁེ་ལས་དང་གཞིས་ཁུལ། ཞིང་སྡེ་རུ་རྟོག་ཞིབ་བྱེད་པར་སོང་། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་ཇེ་བརྟན་དུ་གཏོང་བ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་ནས། འཕེལ་རྒྱས་དང་དམངས་ཕན་གཉིས་ཕན་ཚུན་སྐུལ་འདེད་གཏོང་བ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་ཐོག་མར་ཀྲུང་ཐེ་གོ་ལག་བཟོ་སྐྲུན་ཚད་ཡོད་ཀུང་ཟི་རུ་སོང་ནས། ཁེ་ལས་ཀྱི་འཁོར་བསྐྱོད་དང་ལག་རྩལ་ཞིབ་འཇུག་གསར་སྤེལ། བཟོ་རྩལ་རྒྱུད་རིམ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁེ་ལས་ཀྱི་ཐོན་ལས་གྲུབ་ཚུལ་དང་ཐོན་རྫས་གཙོ་བོ་ལ་ལྟེ་ཞིབ་བྱས།

ཧྲོའུ་ལིག་གྲོང་རྡལ་ཧྲོའུ་ལིག་གཞིས་ཁུལ་དུ། ཝང་ཅན་ཅུན་གྱིས་གཞིས་ཁུལ་གྱི་བྱ་བའི་མི་སྣར་འཚམས་འདྲི་བྱས་པ་དང་། གཞིས་ཁུལ་གྱི་བྱ་བའི་བྱེད་ཐབས་དང་ཞབས་ཞུ། གཅིག་ཅན་ལྔ་སོགས་མང་ཚོགས་ཀྱི་བྱ་འགུལ་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པ་མ་ཟད། ཏང་གི་མང་ཚོགས་བྱ་བ་གཞི་རིམ་དུ་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་གཞི་རིམ་བཟོ་སྐྲུན་གྱི་ཉམས་མྱོང་བཟང་བོར་སྤྱི་སྡོམ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དང་། གཞིས་ཁུལ་གྱིས་དྲ་མིག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་བཟང་བོར་བསྒྲུབ་ནས། སྡོད་དམངས་རང་རྟོགས་རང་མོས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཁྲོད་ཞུགས་པའི་བསམ་བློ་ཆེར་སྐྱེད་དགོས་པའི་རེ་བ་བཏོན།

ཡུས་ཚོང་ལི་དང་ཉའོ་ཁྲིན་ཡུན་གཉིས་རྟོག་ཞིབ་བྱས།