རྒྱལ་ཡོངས་ཀྱི་རང་འབད་དཔེ་བཟང་བ་དང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པ་པེ་ཅིན་ནས་བསྡུས།
2019.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 246

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིན་ནས་རྒྱལ་ཡོངས་ཀྱི་རང་འབད་དཔེ་བཟང་བ་དང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པའི་འཐུས་མིར་མཇལ་འཕྲད་གནང་། 

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིན་ནས་རྒྱལ་ཡོངས་ཀྱི་རང་འབད་དཔེ་བཟང་བ་དང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པའི་འཐུས་མིར་མཇལ་འཕྲད་གནང་། 

རྒྱལ་ཡོངས་ཀྱི་རང་འབད་དཔེ་བཟང་བ་དང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པ་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་ཞུགས་འཐུས་མི་ཡོངས་ལ་སྙིང་ཉེ་བའི་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོ་ཚང་མར་ལྷག་བསམ་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་ཡང་འབད་བསྐྱར་འབད་བྱས་ཏེ་རང་རྒྱལ་གྱི་དབང་བོ་སྐྱོན་ཅན་ལས་དོན་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་གསར་བ་འཇོག་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གཉིས་མཇལ་འཕྲད་ལ་ཞུགས། སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་དུ་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཐོན་པ་ན་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཡོངས་སུ་ཁྱབ་འདུག ཞི་ཅིན་ཕིང་སོགས་ཀྱིས་ཚོགས་ཞུགས་འཐུས་མི་ཡོངས་ལ་སེམས་བརྩེ་བའི་ངང་ནས་ཕྱག་འཇུ་གནང་བར་མ་ཟད།  ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་མཛད་པ་དང་། ཞོར་དུ་ཚང་མ་དང་མཉམ་དུ་རྗེས་དྲན་མཉམ་པར་བསྐྱོན།

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་མཇལ་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་སྟེང་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་བོ་སྐྱོན་ཅན་ལས་དོན་ཐད་ལ་བཏོན་པའི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། བྱ་བའི་འདུ་ཤེས་གསར་སྐྲུན་བྱས་ཏེ། སྔར་ལས་ནུས་ལྡན་བྱེད་ཐབས་སྤྱད་ནས་དབང་བོ་སྐྱོན་ཅན་བྱ་བ་བཟང་བོར་སྒྲུབ་པ་དང་། དབང་བོ་སྐྱོན་ཅན་མི་སྣ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། ཞིང་སྡེའི་དབང་བོ་སྐྱོན་ཅན་དབུལ་ཐར་མཁྲེག་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་ཐུབ་པར་ཁག་ཐེག་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་ངེས་པ་དོན་གྱིས་འགན་སྲུང་བྱེད་པ་དང་། དབང་བོ་སྐྱོན་ཅན་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་དབང་བོ་སྐྱོན་ཅན་མི་སྣས་རྒྱལ་ཡོངས་ཀྱི་རང་འབད་དཔེ་བཟང་བ་མིག་དཔེར་བྱས་ཏེ། དབང་བོ་སྐྱོན་མི་སྣའི་རང་འབད་སྙིང་སྟོབས་སྔར་ལས་དར་སྤེལ་དུ་བཏང་ནས། མཛེས་སྡུག་བདེ་སྐྱིད་ཀྱི་འཚོ་བ་གསར་བ་སྔར་ལས་གསར་སྐྲུན་བྱེད་དགོས་ཟེར།

ཚོགས་ཆེན་སྟེང་དུ་རྒྱལ་ཡོངས་ཀྱི་རང་འབད་དཔེ་བཟང་མི་སྣ་བརྒྱད་དང་རེ་བདུན་དང་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་སྡེ་ཁག་བརྒྱ། རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་མི་སྒེར་བརྒྱ། དབང་བོ་སྐྱོན་ཅན་མི་སྣའི་ཁྱིམ་ཚང་བརྒྱ་དང་རྒྱལ་ཡོངས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ཁོངས་གཏོགས་ཀྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་སོ་གསུམ་བཅས་ལ་གཟེངས་བསྟོད་གནང་།

ཏེན་ཞོའེ་ཞང་དང་ཁྲིན་ཞི། ཧུའུ་ཁྲུང་ཧྭ། ཧོང་ཁུང་མེན། ཞའོ་ཅེ་བཅས་མཇལ་འཕྲད་ལ་ཞུགས།