ཧན་ཀྲིན་གྱིས་ཞང་ཀང་ཧྥུའུ་ཅན་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་ཐུག་འཕྲད་བྱས།
2019.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞང་ཀང་ཧྥུའུ་ཅན་ཚོགས་པའི་མཉམ་འབྲེལ་འཚམས་འདྲི་ཚོགས་པར་ཐུག་འཕྲད་བྱས་ཏེ་བསམ་བློ་བརྗེ་རེས་བྱས་པར་མ་ཟད་ཁོ་ཚོ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཧན་ཀྲིན་གྱིས་ཞང་ཀང་ཧྥུའུ་ཅན་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞང་ཀང་དང་ནང་ལོག་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཞང་ཀང་གི་དར་རྒྱས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་མཛད་པར་མ་ཟད།  མུ་མཐུད་དུ་རྒྱལ་གཅེས་ཀང་གཅེས་དར་ཆ་མཐོན་པོར་སྒྲེང་བ་དང་ལས་རིགས་སོ་སོ་དང་མཐུན་སྒྲིལ་དམ་པོ་བྱས་ཏེ། རྦད་ཆོད་སྒོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ད་ལྟ་སྒྲུབ་བཞིན་པའི་སྲོལ་ཡིག་གཉིས་ཀྱི་བཟོ་བཅོས་འབྲེལ་ཡོད་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཧུར་ཐག་བྱ་བ་བསྒྲུབ་པ་དང་ལས་རིགས་སོ་སོས་གྲོས་བསྡུར་ཞིབ་མོ་བྱས་པ་བརྒྱུད། དོགས་གནད་ཅིས་ཀྱང་བསལ་ཏེ་ཐུན་མོང་གི་ལྟ་ཚུལ་ཆགས་ཐུབ་པར་བདག་ལ་ཡིད་ཆེས་ཡོད། ལས་རིགས་སོ་སོའི་མི་སྣས་ཞང་ཀང་གི་ཁྲིམས་སྐྱོང་སྣང་བརྙན་སྲུང་སྐྱོབ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཞང་ཀང་ཧྥུའུ་ཅན་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝུའུ་ཧོན་ཡན་དང་མཚན་འཛིན་ཀྲུའུ་ཞི་ཝུའུ་ལེང་ཧའོ་གཉིས་ཀྱིས་གཏམ་བཤད་པ་དང་། ཡུག་ཆོན་ཐུག་འཕྲད་ལ་ཞུགས།