རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་བོད་ཁུལ་གྱི་སློབ་གསོའི་ཆེད་དོན་བྱ་བར་རྟོག་ཞིབ་བྱས།
2019.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་ས་གནས་དར་སྤེལ་སི་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་གྲུབ་པའི་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་བོད་ཁུལ་གྱི་སློབ་གསོ་ཆེད་དོན་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཁག་སྔ་གཞུག་ཏུ་རེབ་གོང་རྫོང་དང་རྩེ་ཁོག་རྫོང་། ཁྲི་ཀ་རྫོང་བཅས་སུ་སོང་ནས། ས་གནས་དེ་དག་གི་སློབ་སྔོན་སློབ་གསོ་དང་སློབ་ཆུང་། དམའ་འབྲིང་། མཐོ་འབྲིང་། འབྲིང་རིམ་ཆེད་ལས་སློབ་གྲྭ་སོགས་ཀྱི་སློབ་གྲྭའི་ནང་དུ་སོང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་མཚོ་སྔོན་བོད་ཁུལ་གྱི་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་གནས་ཚུལ་དང་ཉམས་མྱོང་བྱེད་ཕྱོགས། གནས་པའི་དཀའ་ཁག གནས་པའི་གནད་དོན་བཅས་ལ་རྒྱུས་ལོན་བྱས་པར་མ་ཟད། དེ་འབྲེལ་གྱི་བྱ་བར་བསམ་འཆར་བཏོན།

ཡིག་སྒྱུར་བ། བན་དེ་སྐྱབས།