ཞི་ཅིན་ཕིང་གིས་པ་ཞིའི་ཙུང་ཐུང་གཞོན་པ་མའོ་ལང་ལ་མཇལ་འཕྲད་གནང་།
2019.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 92

 

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞིའི་ཙུང་ཐུང་གཞོན་པ་མའོ་ལང་ལ་མཇལ་འཕྲད་གནང་།

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞིའི་ཙུང་ཐུང་གཞོན་པ་མའོ་ལང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། དེང་སྐབས་ཀྲུང་གོ་དང་པ་ཞིའི་འབྲེལ་བ་དེ་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྦད་ཆོད་སྒོས་ཕ་རོལ་བ་དེ་རང་ཉིད་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲོགས་པོ་རུ་བརྩིས་ཏེ། ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས་ལ། ཀྲུང་གོ་དང་པ་ཞིའི་འབྲེལ་བ་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་སྟོན་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་རུ་འགྱུར་བར་བྱེད་དགོས་པར་མ་ཟད། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་སྐུལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་དར་རྒྱས། བརྟན་འཇགས་བཅས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

མའོ་ལང་གིས་བཤད་རྒྱུར། པ་ཞི་ཕྱོགས་ཀྱིས་ཀྲུང་གོའི་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་མཉམ་ལས་ཇེ་མང་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བར་མ་ཟད། རྒྱལ་ཁབ་རང་གི་དངུལ་གཏོང་གྲོགས་པོའི་འཆར་གཞི་དེ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་དང་འབྲེལ་མཐུད་བྱས་ཏེ། ཉོ་ཚོང་དང་ཚན་རྩལ། གསར་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བར་དགའ་བསུ་ཞུ་བ་ཡིན་ཟེར།