ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
2019.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དྲུག་པའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་ལ་ཞུགས།

ཟླ་དྲུག་པའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་ལ་ཞུགས།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཕྱོགས་གཉིས་ཀྱི་འཐུས་མིའི་ཡར་ཞུ་ལ་ཉན་རྗེས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི་ནི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་གྲོགས་པོ་ཡིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་སྒོས་སྤེལ་བ་དེས་རྒྱལ་ཁབ་གཉིས་ཀ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་བཏོན། ནུས་ཁུངས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཁྲོད་དུ་ལྗིད་ཚད་ཆེས་ལྕི་བ་དང་གྲུབ་འབྲས་ཆེས་མང་བ། ཁྱབ་ཁོངས་ཆེས་ཆེ་བའི་ཁྱབ་ཁོངས་ཤིག་ཡིན་པས། ཕྱོགས་གཉིས་ཀྱིས་རོགས་ལས་དམ་འཛིན་བྱས་ཏེ། འདྲ་མཉམ་དང་དྲང་གཞག ལུགས་མཐུན། གོ་རིམ་ལྡན་པའི་རྒྱལ་སྤྱིའི་ནུས་ཁུངས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་འདོན་དགོས་ཟེར།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་སྲ་བརྟན་དང་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་བསམ་ཚུལ་བཞི་བཏོན། གཅིག  ཁེ་ལས་ཀྱི་གཙོ་གཞི་དང་ཚོང་ལས་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་ཀྱི་གོ་སྐབས་བཟང་བོ་རྒྱ་ཆེར་འཚོལ་དགོས། གཉིས། སྦས་ཤུགས་གསར་བ་སྔོན་འདོན་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གསུམ། ཁེ་ཕན་མཉམ་བསྲེས་ལ་སྐུལ་འདེད་བཏང་ནས་སྟོད་རྒྱུད་དང་དབུས་རྒྱུད། སྨད་རྒྱུད་བཅས་ཀྱི་ཁྱོན་ཡོངས་གཞི་གཅིག་ཅན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། བཞི། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བཅོས་སྐྱོང་མཉམ་ལས་ལ་ཤུགས་བསྣན་ནས་ནུས་ཁུངས་རྒྱུན་མཐུད་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་ནུས་ཁུངས་ཚོང་དོན་གླེང་སྟེགས་ནི་བདག་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ན་ནིང་ཐག་བཅད་དེ་བཙུགས་པ་དང་། ཕྱོགས་གཉིས་ཀྱིས་སྣུམ་རླངས་དང་གློག་ཤུགས་སོགས་ཐད་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས་པ་ཡིན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཨུ་རུ་སིའི་ནུས་ཁུངས་ཚོང་རར་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་དང་། ཨུ་རུ་སི་སྲིད་གཞུང་གིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་འཐུས་ཚང་དུ་བཏང་སྟེ་ཕྱི་རྒྱལ་གྱི་ཁེ་ལས་ཨུ་རུ་སི་ལ་ཡོང་ནས་དངུལ་གཏོང་ཚོང་གཉེར་བྱེད་པར་ཚོང་རའི་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་ངེས་ཡིན་ཟེར།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས།