མཚོ་སྔོན་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱིས་ནག་འཇོམས་ངན་སེལ་གྱི་རྣོ་དབལ་རལ་གྲི་དང་པོ་ཞེས་པའི་གཅིག་བསྡུས་འཛིན་བཟུང་འགུལ་སྐྱོད་སྤེལ།
2019.06.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 113

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྔར་ལས་ཟབ་མོར་སྤེལ་ནས། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་དང་ཞིང་ཆེན་ཏང་ཨུའི་འབྲེལ་མཐུད་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཆེད། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་དྲུག་པའི་ཚེས་བཅུ་ཉིན་གྱི་དགོང་མོར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་གྱི་རྣོ་དབལ་རལ་གྲི་དང་པོ་ཞེས་པའི་གཅིག་བསྡུས་འཛིན་བཟུང་འགུལ་སྐྱོད་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་ཞིང་ཆེན་སྤྱི་བདེ་ཐིན་གྱི་བཀོད་འདོམས་ཁང་དུ་སོང་ནས་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད་འགུལ་སྐྱོད་ཀྱི་བཀའ་ཕབ། ཞིང་ཆེན་སྒྲིག་ཨུ་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཡུལ་དངོས་ནས་མཛུབ་སྟོན་བྱས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་བཅས་ཀྱིས་ཧ་ཅང་མཐོང་ཆེན་བྱས་ཏེ། རྣོ་དབལ་རལ་གྲི་དང་པོ་ཞེས་པའི་མུ་འབྲེལ་འགུལ་སྐྱོད་རབ་དང་རིམ་པའི་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་གྱིས་བཀོད་སྒྲིག་ཞིབ་མོ་བྱས་ཏེ། བཀོད་འདོམས་ཁང་བཙུགས་པར་མ་ཟད། ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་། གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ལ། མཉམ་ལས་ཀྱིས་འཐབ་འཛིང་སྤེལ། ས་ཁུལ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ངན་ནག་གི་ནག་ཉེས་འབུར་དུ་ཐོན་པའི་ཁྱབ་ཁོངས་གཙོ་བོ་དང་། ལས་རིགས་གཙོ་བོ། ཁུལ་ཁོངས་གཙོ་བོ་བཅས་ལ་དམ་དུ་དམིགས་ནས། དུས་རིམ་སྔོན་མའི་ཞིབ་བཤེར་བརྟག་དཔྱད་ཀྱི་རྨང་གཞིའི་སྟེང་མྱུར་དུ་བྱེད་ཐབས་སྤྱད་དེ་ཁ་གཏད་འཇལ་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གཅིག་བསྡུས་འཛིན་བཟུང་འགུལ་སྐྱོད་ཐེངས་དང་པོ་སྤེལ།

གཅིག་བསྡུས་འཛིན་བཟུང་འགུལ་སྐྱོད་དེ་ཚེས་བཅུ་གཅིག་ཉིན་གྱི་ནམ་གུང་མཇུག་བསྡུས་པ་དང་། ནག་འབྲེལ་ངན་འབྲེལ་གྱི་ཉེས་ཅན་སྐོར་ཞིག་འཛིན་བཟུང་བྱས། དེ་དང་མཉམ་དུ་ལས་རིགས་སོ་སོ་གཉེར་ས་བཞི་སྟོང་བཞི་བརྒྱ་གོ་གཉིས་ལ་ཞིབ་བཤེར་བྱས་པ་དང་། འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་དགུ་བརྒྱ་དང་ལྔ་བཞི་ལ་ཆད་པ་བཅད།