ལིག་ཉིང་གིས་འགོ་མཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་རིགས་དབུལ་སྐྱོར་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།
2019.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

ཟླ་དྲུག་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལས་རིགས་དབུལ་སྐྱོར་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་ལྟར། ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱེད་པ་དང་། ཡང་བསྐྱར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དབུལ་བོ་དབུལ་ནག་ཧ་ལམ་མེད་པར་བྱེད་པའི་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཐད་སྟོབས་ཤུགས་ཡོད་ཚད་འདོན་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ད་ལོ་ནི་ཞིང་ཆེན་ཡོངས་ཀྱི་དབུལ་བོ་དབུལ་ནག་ཧ་ལམ་མེད་པར་བྱེད་པའི་ལོ་ཡིན་ལ། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ནི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་པའི་གཞི་རྩའི་རེ་བ་དང་སྲོག་ཤིང་ཚད་གཞི་ཡིན། མིག་སྔར། ཞིང་ཆེན་ཡོངས་ཀྱི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་ཧ་ལམ་མངོན་འགྱུར་བྱས་པ་དང་། འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་ཐད་ནས་ད་དུང་མི་འདང་ས་ཡོད། ལས་རིགས་དབུལ་སྐྱོར་ནི་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་ལ་གཙོ་ཁྲིད་བྱེད་པའི་བྱེད་ཐབས་གལ་ཆེན་དང་། དབུལ་ཐར་མཁྲེགས་གཏོར་གྱི་སྟོབས་ཤུགས་ཀྱི་ཡོང་ཁུངས་གཙོ་བོ་ཡིན་པས། སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཚད་མཐའ་མཐིལ་རྟོགས་བྱེད་པ་དང་། དམིགས་འབེན་ལ་དམིགས་ནས་ཤུགས་འདོན་པ། མི་འདང་སར་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བའི་སྟེང་ཤུགས་བཏོན་ནས། སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། གནད་དོན་ལ་དག་ཐེར་ལེགས་བཅོས་ནན་མོ་བྱེད་པ་དང་། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་ཀྱི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཆ་དབུལ་ཐར་བྱེད་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། མཐུན་སྦྱོར་ངང་སྤེལ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་འགན་འཁྲི་ཇེ་ཞིབ་དང་ཇེ་གསལ་དུ་གཏོང་བ། དུས་ཚོད་དང་གོ་རིམ། བྱེད་ཐབས། ལམ་བུ། འགན་འཁྲི་མི་སྣ་བཅས་སྔར་ལས་གཏན་ཁེལ་གསལ་བོ་བྱས་ཏེ། ཇུས་གཞི་ཡོད་པ་དང་བྱེད་ཐབས་ཡོད་པ། ཇུས་ཆོད་ཡོད་པ། འདེགས་སྐྱོར་ཡོད་པར་བྱེད་དགོས། མི་ཤུགས་དང་ནོར་ཤུགས། དངོས་ཤུགས་ཐོན་ཁུངས་ལ་བཀོད་སྒྲིག་བཟང་བོ་བྱེད་པ་དང་། མ་དངུལ་དང་ལས་གཞི། བྱེད་ཐབས་ཀྱི་གསར་དུ་བསྣན་པའི་རེ་བ་གསུམ་ལག་བསྟར་ནན་མོ་བྱེད་དགོས། ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དཀའ་སྤྱད་དངོས་གཉེར་གྱི་འབད་འཐབ་སྙིང་སྟོབས་དར་སྤེལ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས། འབུར་ཐོན་གནད་དོན་ལ་དམིགས་པ་དང་། གོ་སྐབས་དམ་འཛིན་བྱེད་པ། ལས་གཞི་སྤེལ་ཚད་ཇེ་མགྱོགས་སུ་བཏང་སྟེ། དུས་བཀག་ལྟར་མི་འདང་སར་ཁ་གསབ་བྱེད་པའི་དམིགས་འབེན་ལས་འགན་ཁྱོན་ཡོངས་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ཏུ། 2018ལོའི་ཞིང་ཆེན་ཡོངས་ལས་རིགས་དབུལ་སྐྱོར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་བརྗེ་རེས་གཏམ་བཤད་སྤེལ།