མཚོ་སྔོན་ཞིང་ཆེན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་སྤེལ།
2019.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་ནས་སྤེལ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་གཙོ་ཝུའུ་ཞིན་ཞུང་དང་ཚན་གཙོ་གཞོན་པ་ཏུའུ་ཝན་ཧྭ། སྤྱི་ཁྱབ་འབྲེལ་འདྲིས་པ་ཧྭ་ཧྥུན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པད་བཅས་བྱ་འགུལ་ལ་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ལྟ་སྐུལ་མཛུབ་སྟོན་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱོ་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཁྲིམས་ལྟར་ནག་ངན་སྟོབས་ཤུགས་ལ་ཆད་གཅོད་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་བསྡུས་ཇུས་སྤྱོད་དང་རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ནས། འགོ་ཁུངས་ནས་ནག་ངན་སྟོབས་ཤུགས་བཀག་འགོག་དང་རྩ་མེད་དུ་གཏོང་བའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་དང་ནག་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་བཟོ་ལ་རྡུང་རྡེག་ནན་མོ་བྱེད་པའི་རྣམ་འགྱུར་དང་ཆོད་སེམས་འགྲེམ་སྟོན་བྱེད་རྒྱུ་དེ་རེད།

བྱ་འགུལ་སྤེལ་ཡུལ་དུ། བརྙན་རིས་གཏོང་བ་དང་པར་རིས་འགྲེམ་སྟོན། དཔེ་གཞི་འགྲེལ་བཤད། ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། གཞུང་བཞེས་བྱས་པའི་གྲི་དང་བོའུ་སོགས་དངོས་རྫས་སྐོར་ཞིག་འགྲེམ་སྟོན་བྱས་པ་མ་ཟད། ཡུལ་དངོས་ནས་མང་ཚོགས་ཀྱི་དོགས་གནད་སེལ་བ་སོགས་རྣམ་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱས་པ་དང་། དམངས་ཡོངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱུས་ལོན་བཟང་བོ་བྱས་ཤིང་དེའི་ཁྲོད་ཞུགས་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱས།

ཐེངས་འདིའི་བྱ་འགུལ་ཁྲོད་བསྡོམས་པས་དྲིལ་སྒྲོག་པང་ལེབ་བརྒྱ་དང་གྱ་བདུན་དང་དྲིལ་སྒྲོག་ཡོལ་རས་ང་གཉིས་འགྲེམ་སྟོན་བྱས་པ་དང་། དྲིལ་སྒྲོག་གློག་བརྙན་བཅུ་བསྟན་ལ། དྲིལ་སྒྲོག་ལག་དེབ་ཁྲི་གཉིས་དང་སྟོང་བདུན་ལྷག་བཀྲམས་པ་དང་། ནག་ངན་སྟོབས་ཤུགས་གྱོད་གཞི་དང་འབྲེལ་བའི་རླངས་འཁོར་བཅུ་བདུན་དང་གཞུང་བཞེས་བྱས་པའི་བོའུ་ཉིས་བརྒྱ་དང་རེ་གཅིག གྲི་བརྒྱད་ཅུ། གྱོད་འབྲེལ་དུག་རྫས་སྤྱི་རྒྱ་བཅོ་ལྔ། གྱོད་འབྲེལ་རླངས་འཁོར་གྱི་ཨང་རྟགས་རྫུན་མ་སུམ་བརྒྱ་དང་བརྒྱད་བཅས་འགྲེམ་སྟོན་བྱས།