ཆུ་མེད་པུའུ་ཡི་ས་ཆུ་སྲུང་འཛིན་ཡུལ་དངོས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2019.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་དུ།ཆུ་བེད་པུའུ་ཡི་ས་ཆུ་སྲུང་འཛིན་ཡུལ་དངོས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཆུ་བཅོས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ཏེ།ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་ས་ཆུ་སྲུང་འཛིན་བྱ་བར་སྤྱི་སྡོམ་བྱས་པ་དང་།ཉིས་སྟོང་བཅུ་དགུ་ལོའི་གནད་སའི་བྱ་བར་བཀོད་སྒྲིག་བྱས།ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་ཀོས་ཧྭ་ཚོགས་འདུར་ཞུགས་ནས་གཏམ་བཤད།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཤིས་ཚིག་ཕུལ།ཆུ་བེད་པུའུ་ཡི་སྤྱིའི་བཟོ་སྐྲུན་པ་ལིག་ཝེ་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་སྤྱི་སྡོམ་བྱས།ལུའུ་ཀོས་ཧྭ་ཡིས་ནན་གྱིས་བསྟན་དོན།དུས་རབས་གསར་བའི་ས་ཆུ་སྲུང་འཛིན་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཅིས་ཀྱང་།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་དགོས།ཆུ་བེད་བཅོས་སྒྱུར་འཕེལ་རྒྱས་ཀྱི་སྤྱིའི་བྱེད་ཕྱོགས་དཀྱིལ་སྙིང་དུ་བཟུང་ནས།གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།ཇུས་འགོད་ལེགས་པོར་ཤུགས་སྣོན་དགོས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད་དང་།དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།