མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཡུལ་དངོས་སློབ་ཁྲིད་དང་ཆེད་དོན་ཞིབ་སྡུར་སྤེལ།
2019.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལས་ཁུངས་ཀྱི་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ནས་མཚོ་བྱང་ཁུལ་ཉིང་རྡུལ་མཁར་གྲོང་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞི་རུ་སོང་ནས་ཡུལ་དངོས་སློབ་ཁྲིད་བྱས་པར་མ་ཟད། ཆེད་དོན་ཞིབ་སྡུར་ཐེངས་དང་པོ་སྤེལ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་སོགས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཞི་བའི་ཁོངས་མི། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་སོ་སོ་དང་ཏང་ཀྲི་པུའུ་སོ་སོའི་འགན་ཁུར་མི་སྣ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཨུ་ཡོན་སྐོར་ཞིག ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་བཅས་ཡུལ་དངོས་སློབ་ཁྲིད་དང་ཆེད་དོན་ཞིབ་སྡུར་ལ་ཞུགས།

ཡུལ་དངོས་སློབ་ཁྲིད་ཁྲོད། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན་གྱིས་མདེལ་གཉིས་སྐར་གཅིག་གི་དགོངས་དོན་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་ལ་ཉན་པ་དང་། ཉིང་རྡུལ་མཁར་གྲོང་རྗེས་དྲན་ཁང་ལ་ལྟ་སྐོར་བྱས། མདེལ་གཉིས་སྐར་གཅིག་ཞིབ་འཇུག་བཟོ་སྐྲུན་པས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བ་དང་མི་རིགས་ཀྱི་ཁེ་ཕན་ཐད་ལང་ཚོ་དང་རྔུལ་ཁྲག ཐ་ན་ཚེ་སྲོག་ཕུལ་བའི་ས་ཆ་དེ་རུ། གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཟབ་མོར་མྱངས་པ་དང་། རྒྱལ་གཅེས་རིང་ལུགས་སློབ་གསོ་དང་ཏང་གཤིས་སློབ་གསོའི་སློབ་ཁྲིད་དང་ལེན་བྱས།

ཆེད་དོན་ཞིབ་སྡུར་གྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཧུར་ཐག་གིས་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་བྱེད་པའི་བརྗོད་སྙིང་ལ་དམིགས་ནས། ཚོགས་ཞུགས་བློ་མཐུན་ཚོ་ཚན་ཆུང་ལྔ་རུ་བགོས་པ་དང་། སློབ་སྦྱོང་དང་བསམ་བློ། བྱ་བ། སྤྱོད་ཚུལ་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གི་མྱོང་ཚོར་ཐད་ནས་བརྗེ་རེས་བྱས། ཚང་མས། གཟའ་འཁོར་གཅིག་རིང་གི་གཅིག་བསྡུས་སློབ་སྦྱོང་སློབ་གསོ་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་དགོངས་དོན་གལ་ཆེན་གྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། བློ་དཀར། སྤྱོད་གཙང་། ཁག་ཁུར་གྱི་ཆབ་སྲིད་སྤྱོད་ལམ་གྲུབ་པར་བྱས་ལ། སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་བཏང་བ་མ་ཟད། གཞུང་ལུགས་སློབ་སྦྱོང་ཐད་ནས་གྲུབ་འབྲས་ལེན་པ་དང་བསམ་བློ་ཆབ་སྲིད་ཐད་ནས་ཉམས་སད་ཐེག་ཐུབ་པར་བྱས་ཟེར།

ཚང་མས། ཕུགས་འདུན་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། གསར་བརྗེའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ནས་ཤུགས་འདོན་པ་དང་མཉམ་ཤུགས་གཅིག་བསྡུ་དང་སྒུལ་ཤུགས་སྣོན་དགོས། སློབ་སྦྱོང་སློབ་གསོ་དེ་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་བྱ་བར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་རྒྱུས་ལོན་ནུས་པ་དང་ཞིབ་འཇུག་དང་རྟོག་ཞིབ་ནུས་པ། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ནུས་པ། མཉམ་ལས་མཉམ་སྒྲུབ་ནུས་པ་བཅས་མཐོར་འདེགས་གཏོང་དགོས། སློབ་སྦྱོང་གི་གྲུབ་འབྲས་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པའི་སྒུལ་ཤུགས་སུ་བསྒྱུར་བ་དང་། སློབ་སྦྱོང་ཁྲོད་བར་ཐག་འཚོལ་བ་དང་ལེགས་བསྒྱུར་ཁྲོད་ལག་བསྟར་དམ་འཛིན་བྱེད་པ། ལག་བསྟར་ཁྲོད་གསར་གཏོད་ལ་དོ་སྣང་བྱེད་པ། སྲིད་གྲོས་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་སྲིད་གྲོས་ཀྱི་ཆབ་སྲིད་ལས་ཁུངས་གཙོ་བོའི་སྣང་བརྙན་མངོན་པར་བྱེད་དགོས་ཟེར།