ལིག་ཉིང་གིས་མཚོ་ཤར་དང་ཟི་ལིང་ས་ཁུལ་གྱི་ཆུ་མཛོད་ཀྱི་ཆུ་རྒྱས་པའི་དུས་སྐབས་ཀྱི་བདེ་འཇགས་བྱ་བར་འཕྲལ་སྒྲུབ་རྟོག་ཞིབ་བྱས།
2019.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དྲུག་པའི་ནང་། མཚོ་སྔོན་ཞིང་ཆེན་ལོ་རེའི་ཆུ་རྒྱས་པའི་དུས་སྐབས་སུ་སླེབས་པ་དང་། ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་སྤྱིའི་ཆུ་དཔོན་ལིག་ཉིང་གིས་མཚོ་ཤར་དང་ཟི་ལིང་ས་ཁུལ་གྱི་ཆུ་མཛོད་ཀྱི་ཆུ་རྒྱས་པའི་དུས་སྐབས་ཀྱི་བདེ་འཇགས་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། ཆུ་དཔོན་གྱི་སྐོར་ཞིབ་བྱ་བའི་ལམ་ལུགས་ལྟར་སྐོར་ཞིབ་རྟོག་ཞིབ་སྤེལ། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སྐྱོབ་དང་ཆུ་འགོག་ཐན་འགོག་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་འཛུགས་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། འགན་འཁྲི་ལག་བསྟར་བྱེད་པར་དམ་འཛིན་བྱས་ཏེ། ཆུ་མཛོད་ཀྱི་ཆུ་རྒྱས་པའི་དུས་སྐབས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ཉིན་དེར་ལིག་ཉིང་སོགས་ཀྱིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཁཱ་ཙི་ལུང་བའི་ཆུ་རགས་དང་ཆོ་ཅི་ལུང་བའི་ཆུ་མཛོད། ཉི་ལུང་ལུང་བའི་ཆུ་མཛོད། ཧོང་ཀྲུང་རྫོང་ཞང་གུ་ལུང་བའི་ཆུ་མཛོད། ནན་ཁྲོན་ཆུ་མཛོད་སོགས་ཀྱི་ཆུ་མཛོད་འཁོར་སྐྱོད་གནས་ཚུལ་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཆུ་མཛོད་ཀྱི་གནོད་པ་སེལ་བ་དང་འགན་འཁྲི་ལག་བསྟར་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཆུ་མཛོད་ཀྱི་ཆུ་རྒྱས་པའི་དུས་སྐབས་ཀྱི་བདེ་འཇགས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད། ཉེ་དུས་རང་ཞིང་གི་ནམ་ཟླར་འགྱུར་ལྡོག་ཆེ་ཞིང་རྙིང་འཛིང་ཡིན་པས། རིམ་པ་སོ་སོའི་ཆུ་ལོག་འགོག་སྐྱོབ་འཕྲལ་བསྟུན་སྡེ་ཁག་གིས་ཏང་དང་རྒྱལ་ཁབ། མི་དམངས་བཅས་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་། ཆུ་མཛོད་ཀྱི་ཆུ་རྒྱས་པའི་དུས་སྐབས་ཀྱི་བདེ་འཇགས་བྱ་བ་དམ་འཛིན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཆུ་མཛོད་རྟོག་ཞིབ་མཐིལ་རྟོགས་བྱ་བ་བཟང་བོར་སྤེལ་བ་དང་། ཉེན་ཁ་མེད་པར་བཟོ་བ། ཆུ་མཛོད་ཆུང་བའི་བདེ་འཇགས་དེ་གནད་འགག་ཏུ་བརྩིས་ནས། ཆུ་བེད་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། ལྷག་པར་དུ་ཆུ་མཛོད་ཆུང་རིགས་ཀྱི་འཁོར་སྐྱོད་དོ་དམ་ནུས་པ་དང་རང་བྱུང་གནོད་འཚེ་བཀག་འགོག་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། ཆུ་རྒྱས་པའི་དུས་སྐབས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་རིམ་པ་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ཉེན་བརྡ་གཏོང་བ་དང་ལྟ་ཞིབ་ཚད་ལེན་བྱེད་པ། སྐོར་ཞིབ་བརྟག་བཤེར་བྱེད་པར་ཤུགས་སྣོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ཁུངས་བཀོད་གཏོང་ལེགས་བསྒྱུར་བྱེད་པ། ཆུ་ཚད་ལ་འོས་འཚམ་སྒོས་ཚོད་འཛིན་བྱས་ནས། གཅིག་གྱུར་བཀོད་གཏོང་ནན་མོ་བྱེད་པ་དང་བྱ་བའི་བྱེད་ཐབས་བཟང་བོ་སྤྱོད་པ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ནན་མོ་བྱེད་དགོས་ཟེར།