མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭའི་ཁོར་སྲུང་དུས་རབས་འགྲུལ་བཞུད་ཀྱི2019ལོའི་དྲིལ་སྒྲོག་བྱ་འགུལ་གྱི་མཚོ་སྔོན་གྱི་བཅར་འདྲིའི་བཀོད་སྒྲིག་དང་སྐུལ་སློང་ཚོགས་འདུ་བསྡུས།
2019.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭའི་ཁོར་སྲུང་འགྲུལ་བཞུད་ཀྱི2019ལོའི་དྲིལ་སྒྲོག་བྱ་འགུལ་གྱི་མཚོ་སྔོན་གྱི་བཅར་འདྲིའི་བཀོད་སྒྲིག་སྐུལ་སློང་ཚོགས་འདུ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཡིས་སྐུལ་སློང་གཏམ་བཤད་གནང་།

ལིག་ཐུང་ཏི་ཡིས་བསྟན་དོན། ཀྲུང་ཧྭའི་ཁོར་སྲུང་འགྲུལ་བཞུད2019ལོའི་དྲིལ་སྒྲོག་བྱ་འགུལ་གྱི་ས་ཚིགས་ཐོག་མ་མཚོ་སྔོན་དུ་བཀོད་སྒྲིག་བྱས་པ་དེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་ཡོད་པས། འབྲེལ་ཡོད་སྡེ་ཁག་སོ་སོས་ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ནས། ཆབ་སྲིད་ཀྱི་མཐོ་ཚད་ནས་དྲིལ་སྒྲོག་བྱ་འགུལ་སྤེལ་བར་གཞོགས་འདེགས་བཟང་བོ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བཅར་འདྲི་ཚོགས་པར་ལངས་གནས་མཐོ་བ་དང་མིག་རྒྱ་ཆེ་བ། གཞི་གྲངས་ཚད་དང་ལྡན་པ། ནང་དོན་བཟང་བ། དཔེ་གཞི་གསར་བའི་རྒྱུ་ཆ་བཟང་བོ་དང་དཔེ་མཚོན་བཟང་བོ་འདོན་སྤྲོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཚད་ཆེ་རུ་གཏོང་བའི་ཆབ་སྲིད་གཏན་ཤུགས་ཀྱི་ལག་ལེན་ཇེ་བརྟན་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་དང་སྐྱེ་ཁམས་ཁྲིམས་འཛུགས་ལྟ་སྐུལ་གྱི་གྲུབ་འབྲས། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་དཔེ་མཚོན་མི་སྣ་དང་དཔེ་མཚོན་ལག་རྗེས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཁྲིམས་འཛུགས་ཀྱི་འགོ་ཁུངས་སྲུང་སྐྱོབ་གྲོས་གཞི། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་སྤེལ་བའི་གནས་ཚུལ་དང་གྲུབ་འབྲས། ཟི་ལིང་གྲོང་ཁྱེར་ལྗང་མདོག་འཕེལ་རྒྱས་དཔེ་གཞིའི་གྲོང་ཁྱེར་གྱི་བྱེད་ཐབས་དང་ཉམས་མྱོང་བཅས་ལ་དབྱེ་ཞིབ་ཡང་དག་བྱེད་པ་དང་ཁྱོན་ཡོངས་ནས་སྤྱི་སྡོམ་བྱེད་པ། འགྲེམ་སྟོན་གང་ལེགས་བྱེད་པ། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགོ་ཁུངས་ཀྱི་གཏམ་རྒྱུད་བཟང་བོར་བཤད་པ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་མངག་བཅོལ་གལ་ཆེན་སེམས་སུ་དམ་པོར་བཅངས་ནས། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བསམ་ཚུལ་བཟང་བོ་དྲིལ་སྒྲོག་བྱེད་དགོས་ཟེར།