ཝང་ཆི་ཧྲན་གྱིས་སི་རི་ཡའི་ཙུང་ལི་གཞོན་པ་མུའུ་ཨ་ལིས་མོ་ལ་མཇལ་འཕྲད་གནང་།
2019.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ཀྲུང་ནན་ཧེ་ནས་སི་རི་ཡའི་ཙུང་ལི་གཞོན་པ་མུའུ་ཨ་ལིས་མོ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་སི་རི་ཡ་ནི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཡིན་ལ། དཀའ་སྡུག་དང་འོད་སྟོང་གི་ལོ་རྒྱུས་རིང་པོ་བརྒྱུད་མྱོང་བས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་ཀྱིན་ཡོད། ལོ་རྒྱུས་རིག་གནས་ནི་རྒྱལ་ཁབ་དང་མི་རིགས་ཀྱི་གཞི་རྩ་ཡིན་ལ། དཔལ་ཡོན་མི་འདྲ་བའི་བར་དུ་ཕན་ཚུན་རྒྱུས་ལོན་གཏིང་ཟབ་དང་ཕན་ཚུན་བརྩི་བཀུར། མཉམ་དུ་འཕེལ་རྒྱས་བཅས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་ཁ་ཕྱོགས་དང་རྩ་དོན་ལྟར། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་། རང་བདག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་རྒྱབ་སྐྱོར་བྱས་ཏེ། མི་དམངས་རང་བདག་གིས་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

མུའུ་ཨ་ལིས་མོ་ཡིས་བསྟན་དོན། སི་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དང་མིའི་རིགས་ཀྱི་དཔལ་ཡོན་ལ་བྱས་རྗེས་བཞག་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བ་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་ནས་ཀྲུང་གོ་དང་སི་རི་ཡའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།