ཞི་ཅིན་ཕིང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱིས་བསྡུས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ཚོགས་འདུར་ཞུགས།  
2019.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱིས་ཕེན་རིང་མུའུ་ལན་ཁང་དུ་བསྡུས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། 

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱིས་ཕེན་རིང་མུའུ་ལན་ཁང་དུ་བསྡུས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ཚོགས་འདུར་ཞུགས།

ཉིན་དེའི་དགོང་མོའི་དུས་ཚོད་བདུན་གྱི་སྟེང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན། ཅིན་ཀྲིན་ཨུན་དང་ལྕམ་མོ་ལིས་ཞའོ་ཀྲུའུ་སོགས་གསོལ་སྟོན་ཚོགས་འདུའི་ཚོམས་ཁང་དུ་ཕེབས་རྗེས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

གསོལ་སྟོན་ཚོགས་འདུ་འགོ་བརྩམས་རྗེས། ཞི་ཅིན་ཕིང་དང་ཅིན་ཀྲིན་ཨུན་རྣམ་གཉིས་ཀྱིས་ཤིས་ཚིག་ཕུལ། ཅིན་ཀྲིན་ཨུན་གྱིས་བཤད་རྒྱུར། བདག་དང་སྤྱི་ཁྱབ་ཧྲུའུ་ཅི་གཉིས་ཀྱིས་དུས་རབས་གསར་བར་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་རླབས་ཆེན་གྲུབ་འབྲས་གསར་བ་ལེན་ཐུབ་པར་བདག་ལ་ཡིད་ཆེས་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་ཀྲུང་གོ་ཕྱོགས་དང་དཔུང་གཤིབ་མདུན་སྐྱོད་བྱས་ཏེ་ཁྲའོ་ཞན་དང་ཀྲུང་གོ་བར་གྱི་མཛའ་མཐུན་མཉམ་ལས་སྔར་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་ཁྲའོ་ཞན་ཏང་དང་མི་དམངས་ཀྱིས་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱི་འགོ་ཁྲིད་འོག འཐབ་ཇུས་གསར་བའི་ལམ་ཕྱོགས་ལག་བསྟར་བྱེད་པ་དང་སྟོབས་ཤུགས་གཅིག་བསྡུས་སྒོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱས་པས། ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ནས་མཐོ་རླབས་གསར་བ་ཞིག་བསླངས། ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་འགོ་གཙོ་ཡིན་པའི་ཁྲའོ་ཞན་ངལ་རྩོལ་ཏང་གིས་འགོ་ཁྲིད་བྱས་འོག ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ནས་རླབས་ཆེན་གྲུབ་འབྲས་གསར་བ་ཅིས་ཀྱང་ལེན་ཐུབ་པར་བདག་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་ལྷན་དུ་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་དང་དེ་མིན་ས་གནས་ཡུན་རིང་ཞི་བདེ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་མཛེས་པའི་མ་འོངས་པ་མཉམ་དུ་གསར་སྐྲུན་བྱེད་འདོད་ཡོད་གསུང་།