མཚོ་སྔོན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དེ་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་གི་དཔྱད་ཞིབ་ནང་དོན་དུ་བརྩི་རྒྱུ་རེད།
2019.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོ་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཉིས་སྟོང་བཅུ་དགུ་ལོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་དམིགས་འབེན་ལ་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱེད་སྐབས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དེ་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཉིས་སྟོང་བཅུ་དགུ་ལོའི་འགོ་ཁྲིད་ལས་བྱེད་པའི་ཐུན་མོང་དཔྱད་ཞིབ་ནང་དོན་དུ་བརྩིས་ཏེ། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དེར་མཁྲེགས་གཏོར་འཐབ་འཛིང་གསུམ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད། རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་སོགས་ཀྱི་བྱ་བ་གཙོ་བོ་དང་མཉམ་དུ་འཆར་འགོད་དང་སྐུལ་སྤེལ་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་རེད།

དཔྱད་ཞིབ་བྱེད་ཡུལ་ལ་ཞིབ་འཇུག་གཏན་ཁེལ་བྱེད་སྐབས། གཙོ་བོ་དམིགས་འབེན་འགན་འཁྲི་དཔྱད་ཞིབ་ལག་བསྟར་བྱེད་པའི་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་ལ་བསམ་གཞིགས་བཏང་སྟེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དེ་གྲོང་ཁྱེར་དང་ཁུལ་བརྒྱད་དང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་ང་དགུའི་འགོ་ཁྲིད་ཚན་ཁག་གི་དཔྱད་ཞིབ་ཐུན་མོང་དམིགས་འབེན་དུ་འཇོག་པ་དང་། འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་དཔྱད་ཞིབ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་ཆབ་སྲིད་ཀུན་སྤྱོད་སྦྱོང་བརྡར་བྱེད་པ། ཏང་ཡོངས་དམང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། བསམ་འདུན་སྲུང་། འགན་འཁྲི་ཁུར། བར་ཁྱད་བཙལ། དོན་འཁྱོལ་བྱེད་ཅེས་པའི་སྤྱིའི་བླང་བྱ་ཕྱོགས་ཡོངས་དོན་འཁྱོལ་གྱིས་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ལེན་པ་དང་་། བསམ་བློ་ཆབ་སྲིད་ཐད་སྦྱོང་བརྡར་འཐོབ་པ། དོན་སྒྲུབ་ལས་སྐྲུན་ཐད་ཁག་ཁུར་ཕོད་པ། མི་དམངས་ཞབས་འདེགས་ཐད་དཀའ་གནད་སེལ་བ།གཞུང་དྲང་སྤྱོད་གཙང་ཐད་མིག་དཔེ་སྟོན་པ་བཅས་ཀྱི་དམིགས་འབེན་ལ་བསླེབ་པར་བྱེད་རྒྱུ་རེད།

ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་ཀྱི་སྐབས་སུ། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དེ་ལོ་མཇུག་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་སྦྲེལ་ནས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོར་གདེང་འཇོག་གི་སྐར་མ་སྟེར་རྒྱུ་ཡིན་ལ། ཞིང་ཆེན་དཔྱད་ཞིབ་གཞུང་སྒྲུབ་ཁང་གིས་དེ་འགོ་ཁྲིད་ཚན་ཁག་གི་ལོ་ཧྲིལ་པོའི་དཔྱད་ཞིབ་སྤྱི་སྐར་གྱི་ནང་དུ་བཞག་སྟེ། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་བྱ་བ་བཟང་པོར་བསྒྲུབ་པར་བཀོད་སྒྲིག་ཞིབ་མོ་བྱེད་པ་དང་། སློབ་སྦྱོང་སློབ་གསོ་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། རྟོག་དཔྱོད་ཞིབ་འཇུག་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཞིབ་བརྟག་བསམ་ཞིབ་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། དག་ཐེར་ལེགས་བཅོས་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་བཅས་བྱས་ཏེ། བརྗོད་དོན་སློབ་གསོ་ལ་ཕན་འབྲས་ངོ་མ་འཐོབ་པར་ཁག་ཐེག་བྱེད་རྒྱུ་རེད།