ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྐབས་དགུ་བའི་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་མི་སྒེར་དང་ཐུན་མོང་གི་འཐུས་ཚབ་པ་དང་བཞུགས་མོལ་བྱས།
2019.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བདུན་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྐབས་དགུ་བའི་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་འཐུབ་ཚབ་མི་སྣ་དང་བཞུགས་མོལ་བྱེད་སྐབས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁོ་ཚོར་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཡིད་ལ་དམ་པོར་བཅངས་ནས། དུས་རབས་གསར་བར་བྱས་རྗེས་འཇོག་པ་དང་མཚོ་སྔོན་གསར་བའི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་བཞུགས་མོལ་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་བཞུགས་མོལ་ཚོགས་འདུར་འགོ་མཛིན་བྱས།

བཞུགས་མོལ་བྱེད་སྐབས། མཚོ་སྔོན་ཞིང་ཆེན་གྱི་སྐབས་དགུ་བའི་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་ཨོ་རྒྱན་བསོད་ནམས་དང་དབྱང་ཝུན་ཡོན། ཁྲིན་ཀྲི་ཞིག ཧྭ་ཡོན་ཧྲིག་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རྨ་ཆུའི་འགོ་ཁུངས་ར་བའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་གཟེངས་བསྟོད་ཐོབ་པའི་འཐུས་ཚབ་པར་མཇལ་འཕྲད་གནང་བ་དེས་རྒྱ་ཆེའི་ལས་བྱེད་པར་བཅངས་པའི་ཐུགས་ཁུར་དང་གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་གནང་བཞིན་པ་མཚོན་ཐུབ། དེ་རིང་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བརྒྱད་ལོན་པའི་ཉིན་མོ་ཡིན་ལ། ཚང་མ་དང་མཉམ་དུ་ཏང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ་འདི་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཟེར། ཁོས་བཤད་རྒྱུར། གཞུང་ཞབས་པ་ནི་གཞུང་གི་ཆེད་དུ་བྱ་བ་སྒྲུབ་པ་དང་གཞུང་དོན་སྒྲུབ་པའི་མི་ཡིན། གཞུང་ཞབས་པ་ཞིག་བྱེད་ན་ཏང་ལ་བློ་དཀར་བ་དང་མི་དམངས་ལ་བློ་དཀར་དགོས་པ་དང་། སྔོན་ལ་དཀའ་སྡུག་མྱངས་པ་དང་རྗེས་སུ་སྐྱིད་རྒྱག་པ། སྤྱོད་གཙང་རང་གཅུན་དང་གཞུང་གི་ཆེད་དུ་རང་ཉིད་བློས་གཏོང་ཐུབ་དགོས། མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་ཞིག་བྱེད་ན། མི་དམངས་སེམས་ཁོང་གི་ཆེས་མཐོ་བའི་གོ་གནས་སུ་འཇོག་པ་དང་། མི་དམངས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་ལ་དོ་སྣང་བྱེད་པ། རང་རྟོགས་སྒོས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། མཚན་སྙན་ནི་འདས་སོང་གི་ལོ་ཟླར་གཏོགས་པས། ང་ཚོས་ད་དུང་མུ་མཐུད་དུ་འབད་འཐབ་བྱེད་དགོས། ཚང་མས་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཡིད་ལ་དམ་པོར་འཛིན་པ་དང་། ད་ལྟ་སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ནམ་ཡང་ཕྲག་ཏུ་ལེན་པ། མཚན་སྙན་ལ་གཅེས་སྤྲས་བྱེད་པ། མུ་མཐུད་དུ་འབད་འཐབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞུང་ཞབས་པ་ཚོས་དུས་རབས་གསར་བར་བྱས་རྗེས་འཇོག་པ་དང་མཚོ་སྔོན་གསར་བའི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་པར་སྣེ་ཁྲིད་བྱེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཡིད་ཚིམ་པའི་འགུལ་སྐྱོད་ལ་བརྟེན་ནས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ཟེར།

ལིག་ཉིང་གིས་བཤད་རྒྱུར། གཞུང་ཞབས་པའི་དཔུང་སྡེ་ནི་ཏང་གི་ལས་བྱེད་པའི་དཔུང་སྡེའི་གྲུབ་ཆུ་གལ་ཆེན་ཡིན་ལ། སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་། གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱི་ཕུགས་འདུན་ཡིད་རྟོན་ཧ་ཅང་བརྟན་པོ་ཡིན་ལ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྲིད་བརྩོན་དངོས་གཉེར་དང་ཁག་ཁུར་བྱེད་ཕོད་པ། སྤྱོད་གཙང་སྲོལ་བཟང་གི་ཐུན་མོང་དང་མི་སྒེར་ཡིན་པ་དང་། ཐུན་མོང་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་ཚབ་ཡིན་པས། མི་དམངས་ཀྱི་བསྔགས་བརྗོད་ཐོབ། ཁྱེད་ཚོའི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྩེ་སེམས་ཟབ་མོ་དང་། ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་འགན་འཁྲི་ལག་བསྟར་བྱེད་པ། རང་རྟོགས་སྒོས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་བློ་རྒྱ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་སྲིད་བརྩོན་ཁྲིམས་འཛིན་བྱེད་པ། མི་དམངས་ཡིད་ཚིམ་པར་བྱེད་རྒྱུ་དེ་བྱ་བར་འབད་འཐབ་བྱེད་པའི་ཁ་ཕྱོགས་སུ་བྱེད་པའི་བསམ་བློ་བཅས་དྲིལ་སྒྲོག་རྒྱ་ཆེར་བྱེད་འོས་པ་དང་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པ་ཚོས་དེར་སློབ་སྦྱོང་བྱེད་འོས་ཟེར།