མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་གོ་བརྒྱད་ལོན་པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་འདུ་བསྡུས།
2019.07.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 44

ཟླ་བདུན་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་གོ་བརྒྱད་ལོན་པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་འདུ་བསྡུས།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། མ་ཧེ་དབྱིན། ཏུའུ་ཏི་ཀྲི་དང་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་སྟེང་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་ཏང་ཀྲི་པུའུ་བཅསས་ལ་གཟེངས་བསྟོད་གནང་བ་མ་ཟད་སྔོན་ཐོན་མི་སྣ་རེ་འགས་གཟེང་བསྟོད་ཐོབ་མཁན་གྱི་ཚབ་བྱས་ཏེ་གཏམ་བཤད། 

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ནས་གཏིང་ཟབ་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ཟབ་མོ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་སྐབས་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་ལྟ་བྱེད་པ་དང་ཐོག་མའི་བསམ་འདུན་སེམས་ལ་ཉར་ནས་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་བརྒྱད་ལོན་པར་རྟེན་འབྲེལ་ཞུ་བ་འདི་ལ་དོན་སྙིང་གལ་ཆེན་ལྡན་པས། འདུ་ཤེས་བཞི་ཇེ་དྲག་དང་ཡིད་རྟོན་བཞི་ཇེ་བརྟན།  སྲུང་སྐྱོབ་གཉིས་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་དེ་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ་ཏང་འཛུགས་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། བསམ་འདུན་སྲུང་བ་དང་། འགན་འཁྲི་ཁུར་བ། བར་ཁྱད་བཙལ་བ། དོན་འཁྱོལ་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་ལ་བརྟེན་ནས་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་དགོས་པ་དང་། ལྷག་པར་དུ་སྤུས་ཀ་དང་ཕན་འབྲས་མཐོར་འདེགས་ཀྱི་ལོ་གསུམ་འགུལ་སྐྱོད་ཁྲོད་དུ་སྔོན་གྲལ་ལ་སྐྱོད་པ་དང་མིག་དཔེ་བསྟན་ནས། མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།