མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྒྲོག་འགྲེལ་ཚོགས་པས་མུ་མཐུད་དུ་སྒྲོག་འགྲེལ་གཏིང་ཟབ་བྱས།
2019.07.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 62

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཝང་ཅིན་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཝུན་པེའོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝེ་ཙུན་པོ། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གའོ་ཡུན་ཕུའུ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲིན་ཞོ་ཞང་དང་ཚོས་ཀྲི་ཀྲུང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཧའོ་ཞཱ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཝང་ཏོ་ཞིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རྩིས་བཤེར་ཐིན། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་དབུལ་སྐྱོར་ཅུའུ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་འཕྲུལ་གློག་རྒྱལ་དབང་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟི། ཞིང་ཆེན་ཡིད་རྟོན་འགན་སྲུང་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་བཅས་ཀྱིས་སྙན་ཞུ་ཕུལ། ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ནས་ཡོང་བའི་ཏང་ཡོན་ལས་བྱེད་པ་སྟོང་བཞི་ལྷག་གིས་སྒྲོག་འགྲེལ་སྙན་ཞུ་ལ་ཉན།

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་དང་དམ་དུ་དམིགས་པ་དང་། དཔེ་གཞི་དངོས་དང་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་ཆ་མང་པོ་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས། བརྗོད་དོན་སློབ་གསོ་བཅས་ཀྱི་དོན་སྙིང་གལ་ཆེན་དང་བཀོད་སྒྲིག་གལ་ཆེན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་སོགས་ཐད་ནས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་འགྲེལ་བཤད་དང་རྒྱས་བཤད་བྱས། སྒྲོག་འགྲེལ་སྐབས་སུ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཉན་མཁན་ཚོ་དང་བརྗེ་རེས་བྱེད་པར་དོ་སྣང་བྱས་པ་དང་། ཚང་མས་བཏོན་པའི་གནད་དོན་ལ་རེ་རེ་བཞིན་ལན་གསལ་བོ་བཏབ།

ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཨན་ཧྥ་ཧྥུའུ་ཡིས་བཤད་རྒྱུར། སྒྲོག་འགྲེལ་གྱི་བརྗོད་དོན་གསལ་ཞིང་འགྲེལ་བཤད་གཏིང་ཟབ་བྱས་ཡོད། མི་རིགས་ཆོས་ལུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། བསམ་བློར་དྲག་ཆས་སྤྲས་པ་དང་བྱ་བ་མཛུབ་སྟོན་བྱེད་པ། ནམ་ཡང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། རང་རྟོགས་སྒོས་བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། དུས་རབས་ཀྱི་མི་གསར་བ་བྱས་ཏེ། མི་རིགས་སོ་སོའི་ཐུན་མོང་གི་དར་རྒྱས་གོང་འཕེལ་དང་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་དངུལ་རྩ་གཏན་འཇགས་ཁྲུའུ་ཡི་ཁྲུའུ་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར། སྒྲོག་འགྲེལ་ཐད་ནས་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་འབྲེལ་འདྲིས་དམ་ཟབ་བྱས་ཡོད་པ་དང་། དེས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་རྒྱུས་ལོན་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱེད་པའི་ཐད་མཛུབ་སྟོན་གྱི་ནུས་པ་འདོན་ཐུབ། ཏང་ཡོན་ཞིག་ཡིན་པའི་ཆ་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་བདེ་འཇགས་གཏན་འཇགས་ལ་ཁག་ཐེག་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། འགུལ་སྐྱོད་དངོས་ལ་བརྟེན་ནས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།