ལིས་ཁི་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བཞི་བའི་ཀྲུའུ་ཞིའི་འགན་འཁུར་ལ་ཉེ་བའི་པན་ཏི་ལ་མཇལ་འཕྲད་གནང་།
2019.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བཞི་བའི་ཀྲུའུ་ཞིའི་འགན་འཁུར་ལ་ཉེ་བའི་པན་ཏི་ལ་མཇལ་འཕྲད་གནང་།

        ཟླ་བདུན་པའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བཞི་བའི་ཀྲུའུ་ཞིའི་འགན་འཁུར་ལ་ཉེ་བའི་པན་ཏི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་པན་ཏི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བཞི་བའི་ཀྲུའུ་ཞི་ལ་བདམས་པ་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་བདུན་ཅུ་ལྷག་གི་རིང་ལ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་བཏོན། སང་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་ལོན་པའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་འབྲེལ་ཡོད་དྲན་གསོའི་བྱ་འགུལ་སྤེལ་བར་གྲ་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། དེ་མཉམ་འབྲེལ་རྒྱལ་ཚོགས་འཐུས་མི་སྲུང་སྐྱོབ་བྱེད་པའི་ཕྱོགས་མང་རིང་ལུགས་དང་བདག་དབང་འདྲ་མཉམ། ཞི་བའི་རྣམ་པར་བརྟེན་ནས་གནད་དོན་ཐག་གཅོད་པ་སོགས་རྩ་དོན་ལ་དམིགས་བསལ་རང་བཞིན་གྱི་དོན་སྙིང་ལྡན། ཀྲུང་གོས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་དཀྱིལ་སྙིང་ཡིན་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོབ་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་དང་རྩ་དོན་རྒྱུན་འཁྱོངས་བྱེད་པར་མ་ཟད་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བཞག་སྲུང་སྐྱོབ་བྱེད་པ། འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་ནས་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་ངེས་ཡིན་ཟེར།

པན་ཏི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡིན་པའི་ཆ་ནས་བདག་གིས་རྦད་ཆོད་སྒོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་དང་རྩ་དོན་སྲུང་སྐྱོབ་བྱེད་པ། ཁོངས་གཏོགས་རྒྱལ་ཁབ་ཀྱིས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།