ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཧ་ཞི་ན་ལ་མཇལ་འཕྲད་གནང་།
2019.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་བྷང་ག་ལའི་ཙུང་ལི་ཧ་ཞི་ན་ལ་མཇལ་འཕྲད་གནང་།

ཟླ་བདུན་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་བྷང་ག་ལའི་ཙུང་ལི་ཧ་ཞི་ན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་བྷང་ག་ལ་ནི་སྲོལ་རྒྱུན་མཛའ་མཐུན་གྱི་ཁྱིམ་མཚེས་བཟང་བོ་ཡིན། དེང་སྐབས་ཀྲུང་གོ་དང་བྷང་ག་ལ་ནི་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ཕྱོགས་གཉིས་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་པར་མ་ཟད་ཨེ་ཤ་ཡའི་དར་རྒྱས་གོང་འཕེལ་དང་འཛམ་གླིང་གི་སྒོ་འབྱེད་མཉམ་ལས་ལ་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་སློབ་གསོ་དང་རིག་གནས། ན་གཞོན། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་བྷང་ག་ལའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་དང་དར་སྤེལ་བྱེད་འདོད་ཡོད་ཟེར།

ཧ་ཞི་ན་ཡིས་བཤད་རྒྱུར། བྷང་ག་ལ་ཡིས་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་གསར་སྐྲུན་བྱས་པའི་བྷང་ག་ལ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་ལ། བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་དུས་ཡུན་རིང་བོར་བྷང་ག་ལར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། བྷང་ག་ལས་ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་ཏེ། བྷང་ག་ལ་དང་ཀྲུང་གོ། རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།