རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཝང་ཨ་ཚི་ཧྲ་ལ་མཇལ་འཕྲད་གནང་། 
2019.07.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 122

ཟླ་བདུན་པའི་ཚེས་དགུའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཝང་ཨ་ཚི་ཧྲ་ལ་མཇལ་འཕྲད་གནང་། 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་དགུའི་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཝང་ཨ་ཚི་ཧྲ་ལ་མཇལ་འཕྲད་གནང་། 

ཝང་ཆི་ཧྲན་གྱིས་བསྟན་དོན། རྒྱང་རིང་གི་གཉེན་ཉེར་བལྟས་ན་ཉེ་འགྲམ་གྱི་ཁྱིམ་མཚེས་ལྷག་ཅེས་པའི་དཔེ་ལྟར། ཀྲུང་གོ་དང་མ་ལེ་ཞི་ཡའི་བར་གྱི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་རིང་བོ་ལྡན་པ་དང་། དམངས་འདུན་གྱི་རྨང་གཞི་ཧ་ཅང་གཏིང་ཟབ། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་པའི་སྒང་ཡིན་ལ། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྱང་ཉིས་སྟོང་སུམ་ཅུ་ལོའི་འདུན་པ་ཆེན་པོ་དངོས་སུ་འགྲུབ་པར་འབད་བརྩོན་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་མ་ལེ་ཞི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མཉམ་དུ་གཏན་འཁེལ་བྱས་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་ལོན་པ་གོ་སྐབས་སུ་བྱས་ཏེ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་གཞུང་བརྗེ་རེས་དང་སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་ཐད་ནས་ཕན་ཚུན་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པར་ཤུགས་བསྣན་ཏེ། ཕྱོགས་གཉིས་བར་གྱི་ཁེ་ཕན་སྦྲེལ་ཐག་རྒྱུན་ཆད་མེད་པར་ཇེ་དམ་དུ་གཏོང་བ་དང་། ཀྲུང་གོ་དང་མ་ལེ་ཞི་ཡ་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

ཝང་ཨ་ཚི་ཧྲ་ཡིས་བསྟན་དོན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་འཕེལ་རྒྱས་སུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་གི་མ་ལེ་ཞི་ཡ་དང་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཁྲོད་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ཏེ། མ་ལེ་ཞི་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བའི་འཐབ་ཇུས་ནང་རྐྱེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཟེར།