ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ལ་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།
2019.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ་ལས་གནས་བབ་གསར་བའི་འོག་ཏུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བའི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། གསུང་བཤད་གལ་ཆེན་དེ་ལ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

སྔོན་ལ་སྐྱོད། མིག་དཔེ་སྟོན་ཞེས་པའི་ཡིག་འབྲུ་དྲུག་པོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བར་བཏོན་པའི་རེ་བ་ཡིན། དེ་བས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་ཁག་ཁུར་ནུས་པ་ཇེ་ཆེར་སོང་བ་དང་འགན་འཁྲི་སྔར་ལས་ལྕི་བའི་ཚོར་སྣང་སྐྱེས་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་ཐད་བཏོན་པའི་རིགས་གཞུང་སློབ་སྦྱོང་གི་མདུན་གྲས་སུ་སྐྱོད་པ་དང་གཞི་རིམ་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་གསལ་བོ་ཆགས་པར་བྱེད་པ། སྤྱོད་བསྲང་སྒྲིག་གཅུན་རྒྱུན་འཁྱོངས་བྱེད་པ། དག་གཙང་དང་ཁག་ཁུར་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་སོགས་ཀྱི་རེ་བ་ལྟར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་པ་དང་། ལས་ཁུངས་སོ་སོས་ཁྱབ་ཁོངས་རང་གི་བྱ་བ་དང་སྦྲེལ་ཏེ་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་པ་དང་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་བཏང་།