ལིག་ཐོ་ཡིས་སྲིད་དོན་ཞབས་ཞུའི་དྲ་ལམ་གཅིག་ནས་སྲིད་དོན་མཉམ་སྒྲུབ་བྱེད་པར་རྟོག་ཞིབ་བྱས།
2019.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་ལམ། ཧྲིན་ཀྲང་གཞོན་པ་ལིག་ཐོ་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་ཅུའུ་རུ་སོང་ནས། མཉམ་འབྲེལ་དྲ་རྒྱའི་སྟེང་ནས་སྲིད་གཉེར་ཞབས་ཞུ་བའི་དྲ་ལམ་གཅིག་ནས་དོན་དག་ཚང་མ་སྒྲུབ་པ་དང་དོན་དག་ཚང་མ་ཉམ་དུ་སྒྲུབ་པ་སོགས་ཀྱི་བཅོས་སྒྱུར་དང་སྤྱི་ཐུན་ཐོན་ཁུངས་བརྗེ་རེས་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་ནས་མཐུན་སྦྱོར་གྲོས་ཚོགས་བསྡུས་པ་དང་། དྲ་ངོས་གཅིག་ནས་དོན་དག་ཚང་མ་སྒྲུབ་པའི་གཞི་གྲངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་།

ལིག་ཐོ་ཡིས་ནན་གྱིས་བསྟན་དོན། དྲ་ངོས་གཅིག་ནས་དོན་དག་ཡོད་ཚད་སྒྲུབ་པ་དང་། དོན་དག་ཚང་མ་མཉམ་དུ་སྒྲུབ་པར་སྐུལ་འདེད་གཏོང་བའི་ཆོད་སེམས་ལ་ནམ་ཡང་འགྱུར་ལྡོག་ཡོད་མི་རུང་། བྱ་བ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་སྒོས་སྤེལ་བ་དང་། སྲིད་གཉེར་སྟབས་བདེ་དང་ཁེ་དབང་ལྷོད་ཡངས་སུ་གཏོང་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་གལ་ཆེའི་བྱེད་ཐབས་ཡིན་པ་ངོས་ཟིན་དགོས། མཉམ་འབྲེལ་དྲ་རྒྱའི་སྟེང་ནས་སྲིད་གཉེར་ཞབས་ཞུ་སྒྲུབ་པར་སྐུལ་འདེད་བཏང་ནས་དྲ་ངོས་གཅིག་ནས་དོན་དག་ཚང་མ་སྒྲུབ་པ་དང་། དོན་དག་ཚང་མ་མཉམ་དུ་སྒྲུབ་པའི་བཅོས་སྒྱུར་ལག་བསྟར་བྱེད་ཕྱོགས་ལ་སྐུལ་འདེད་བཏང་ནས། བྱ་བ་དེ་སྲིད་གཉེར་ཞབས་ཞུའི་ཚད་ལྡན་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་དུ་སླེབས་པར་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་ཁེ་ལས་ལ་ཕན་ཞིང་མི་དམངས་ལ་སྟབས་བདེ་བའི་ལས་དོན་སྒྲུབ་དགོས་པ་དང་། ཡིད་ཆེས་མི་འགྱུར་བ་རྒྱུན་འཁྱོངས་བྱེད་པ་དང་། དཀའ་ངལ་ཅི་ཙམ་ཡོད་རུང་མདུན་སྐྱོད་བྱེད་དགོས། དམངས་ལ་ཕན་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་བྱ་བ་ཞིག་ཡིན་ཚེ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དོན་དངོས་ལ་རྐང་བཙུགས་ནས་སྲིད་དོན་ཞབས་ཞུ་སྟེགས་བུའི་གཞི་གྲངས་མཉམ་སྤྱོད་བྱ་བ་སྐུལ་སྤེལ་བྱས་ནས། ཁེ་ལས་དང་མང་ཚོགས་ལ་སྔར་ལས་སྤུས་ཚད་ལྡན་པ་དང་། སྔར་ལས་ཕན་འབྲས་ལྡན་པའི་སྲིད་དོན་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཟེར།