མ་ཝེ་ཡིས་ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་བྱ་བར་རྟོག་ཞིབ་བྱས།
2019.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

  ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མ་ཝེ་ཡིས་ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་བྱ་བར་རྟོག་ཞིབ་བྱས།   མ་ཝེ་ཡིས་བསྟན་དོན། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱ་བའི་འགན་ནུས་ལ་རྐང་བཙུགས་ཤིང་རྩ་འཛུགས་འགོ་ཁྲིད་དང་ཞབས་ཞུ་རང་བཞིན་གྱི་འགན་སྲུང་ལ་ཤུགས་སྣོན་པ། ཧུར་ཐག་གིས་འོས་འགན་ལག་བསྟར་བྱེད་པ།མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འཕེལ་རྒྱས་དང་གསར་སྐྲུན་ལ་བྱས་རྗེས་འཇོག་དགོས་ཟེར། སྤྱི་ཕན་གཏུགས་བཤེར་ནི་ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་རྨང་གཞི་ཡིན་ལ། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་གི་གཏུག་བཤེར་ཁྱབས་ཁུངས་ཀྱི་མངོན་ཚུལ་ཡང་ཡིན། ཞིབ་དཔྱོད་ལུས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་འཛུབ་སྟོན་དུ་བཟུང་སྟེ་དུས་ལྟར་ཏུ་མི་དམངས་དང་སྤྱི་ཚོགས་ཀྱི་སེམས་ཁུར་ལ་ལན་བཏབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འགན་ཁུར་མཁན་གྱི་འཐུས་ཚབ་པ་བྱེད་དགོས། སྲིན་འཛིན་ལས་ཁུངས་དང་ཁྲིམས་ལྟར་ལྟ་སྐུལ་གྱི་མཉམ་ལས་གཞོགས་འདེགས་རྐྱེན་སྲོལ་གྲུབ་པར་བྱེད་དགོས། སྤྱི་ཕན་གཏུག་བཤེར་བྱ་བ་དང་ཁྲིམས་ལྟར་བྱ་བ་སྒྲུབ་རྒྱུ་བྱ་བའི་དཀྱིལ་སྙིང་ལ་འཛིན་དགོས། ཞུ་གཏུག་ཁྱབ་ཁོངས་རྒྱ་བསྐྱེད་དེ་མི་དམངས་ཀྱིས་སེམས་ཁུར་བྱེད་བཞིན་པའི་ཟས་རིགས་བདེ་འཇགས་དང་ཐུན་མོང་བདེ་འཇགས་རྒྱལ་དབང་མ་རྩ་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་དགོས་ཟེར།