ཝང་དབྱང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད།
2019.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 246

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་དང་ཚེས་བཅུ་བདུན་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ཝང་དབྱང་གིས་ཡུལ་ཤུལ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་ལས་ས་ཁུལ་དུ་གནས་ཚུལ་རྒྱུས་ལོན་བྱེད་པའི་ཚུལ་རེད། 

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་དང་ཚེས་བཅུ་བདུན་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ཝང་དབྱང་གིས་སྐུ་འབུམ་དགོན་པའི་གནས་ཚུལ་རྒྱུས་ལོན་བྱེད་པའི་ཚུལ་རེད། 

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཁུལ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་བོད་སྐྱོང་ཐབས་ཇུས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་ལ། ཧུར་ཐག་སྒོས་མི་རིགས་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་རྒྱལ་ཁ་ལེན་པར་མ་ཟད། ཁ་བྲལ་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་པའི་རང་འགུལ་དབང་ཆ་གསལ་བོར་ཤེས་པར་བྱས་ནས། གངས་ལྗོངས་མཐོ་སྒང་བདེ་འཇགས་འཆམ་མཐུན་ཡོང་བ་དང་རིགས་སོ་སོའི་མི་དམངས་བདེ་སྐྱིད་ལྡན་པར་འགན་སྲུང་བྱེད་དགོས་ཟེར།

ཟླ་བདུན་པའི་ཚེས་བཅུ་དྲུག་དང་ཚེས་བཅུ་བདུན་ཉིན་གཉིས་ལ། ཝང་དབྱང་སྔ་གཞུག་ཏུ་ཡུལ་ཤུལ་དང་ཟི་ལིང་སོགས་ས་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ས་ཁུལ་དང་ཆོས་ལུགས་བྱ་འགུལ་སྤེལ་སར་ཕེབས་ཏེ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་བསམ་ཚུལ་ལ་ཉན། ཝང་དབྱང་གིས་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱིས་མི་རིགས་ཆོས་ལུགས་དང་དབུལ་ཐར་མཁྲེགས་གཏོར་སོགས་ཕྱོགས་ཀྱི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་བོད་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་གནད་འགག་བྱ་བ་དམ་འཛིན་བྱེད་དགོས་ལ། དགོན་པའི་དོ་དམ་ནུས་ལྡན་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་བློ་ཐག་རྦད་ཆོད་སྒོས་རྒྱལ་ཕྱིའི་སྟོབས་ཤུགས་ཀྱི་སིམ་འཛུལ་འགོག་པའི་འཐབ་ར་བརྟན་སྲུང་བྱེད་དགོས། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་དང་ཆོས་ལུགས་ལས་རིགས་ཀྱིས་རང་ཉིད་དོ་དམ་བྱེད་རྒྱུ་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་མི་སྣའི་ཧུར་ཐག་ནུས་པ་འདོན་སྤེལ་བྱེད་པར་ཡིད་འཇོག་བྱེད་དགོས་ལ། སྡོམ་ཁྲིམས་གཙུག་ཏུ་བཀུར་བ་དང་། བསླབ་པ་དང་ཉམས་ཉེན་ཟུང་དུ་སྦྲེལ་བ། དད་མོས་དང་སྦྱོར་བ་ཡང་དག་པ་བཅས་ཀྱི་ནང་ཁུལ་ཚད་གཞི་འཐུས་ཚང་དུ་གཏོང་དགོས། མི་རིགས་སོ་སོ་ཁུལ་ཁོངས་བརྒལ་བའི་འཁོར་རྒྱུག་གི་གནས་བབ་དང་མཐུན་པར་བྱས་ཏེ། མི་རིགས་བྱ་བའི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཧུར་ཐག་སྒོས་མི་རིགས་སོ་སོའི་མཉམ་སྡོད་དང་མཉམ་སློབ། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་ཆ་རྐྱེན་གསར་སྐྲུན་བྱེད་པར་མ་ཟད་སྔར་ལས་ཆེ་བའི་ཁྱབ་ཁོངས་དང་སྔར་ལས་ཡངས་པའི་མངའ་ཁོངས། སྔར་ལས་མང་བའི་རིམ་པ་སོ་སོ་ནས་བརྗེ་རེས་དང་འབྲེལ་འདྲིས། མཉམ་བསྲེས་བྱེད་རྒྱུ་མངོན་འགྱུར་བྱེད་པ་དང་། ཧུར་ཐག་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཉམས་མྱོང་སྔར་ལས་མང་པོ་འཚོལ་ཞིབ་བྱེད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། བོད་ཁུལ་དབུལ་ཐར་མཁྲེགས་གཏོར་བྱེད་པ་ནི་དཔལ་འབྱོར་བྱ་བ་ཡིན་ལ། ཆབ་སྲིད་བྱ་བ་ཡང་ཡིན། སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ཁྲོད་ཀྱི་འབུར་ཐོན་གནད་དོན་གཙོར་བཟུང་སྟེ་ཐག་གཅོད་པ་དང་། སློབ་བྱོལ་ཚོད་འཛིན་དང་སློབ་སྦྱོང་འགན་སྲུང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། འཐུང་ཆུའི་བདེ་འཇགས་དང་སྡོད་ཁང་བདེ་འཇགས། ས་གནས་རིམས་ནད་འགོག་བཅོས་སོགས་ཕྱོགས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། གཞན་གྱི་ཞབས་ནས་མི་འདྲེན་པ་དང་ཀུན་ལ་ཁྱབ་པར་བྱེད་དགོས། ནོར་ནག་དང་ནས། མཐོ་སྒང་གནས་སྐོར། མི་རིགས་ལག་ཤེས་ཐོན་རྫས་སོགས་ཁྱད་ཆོས་ཐོན་ལས་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། འཛད་སྤྱོད་དབུལ་སྐྱོར་སྤེལ་ཞིང་ཚོང་རའི་བར་སྟོང་ཇེ་ཆེར་གཏོང་བར་མ་ཟད་ཁྲག་གསོ་ནུས་པ་ཇེ་ཆེར་གཏོང་བ་དང་དབུལ་ཐར་བརྟན་འཇགས་རང་བཞིན་ཇེ་མཐོར་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་མཚལ་ཐིག་གསལ་བོར་ཤེས་པར་བྱས་ནས། དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་མཐུན་སྦྱོར་སྒོས་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་དགོས། དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནང་ཁུལ་སྒུལ་ཤུགས་ཇེ་ཆེར་གཏོང་བ་དང་གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ལ། ལས་བརྩོན་ཕྱུག་སྒྱུར་དང་གཟི་བརྗིད་དབུལ་ཐར་བྱེད་པའི་སྣང་ཚུལ་ཞིག་གསར་བཟོ་བྱེད་དགོས་ཟེར།

མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས། ཝང་དབྱང་གིས་ད་དུང་ཡུལ་ཤུལ་ཁུལ་གནོད་སེལ་རྒུད་སྐྱོབ་དྲན་གསོ་ཁང་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་ལ་གཟིགས་ཞིབ་མཛད།