ཟི་ལིང་གནམ་གྲུ་ཐང་གི་རྒྱས་བསྐྲུན་བཟོ་སྐྲུན་སྐབས་གསུམ་པའི་ཚོད་ལྟའི་བྱ་བ་དངོས་སུ་འགོ་བརྩམས།
2019.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ7ཚེས18ཉིན་ཟི་ལིང་གནམ་གྲུ་ཐང་གི་རྒྱས་བསྐྲུན་བཟོ་སྐྲུན་སྐབས་གསུམ་པའི་ཚོད་ལྟའི་བྱ་བ་དངོས་སུ་འགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་བཟོ་སྐྲུན་འགོ་བརྩམས་ཁྱབ་སྒྲོག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡོན་དང་ཝུའུ་ཧེ་ཁོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་སོགས་འགོ་ཁྲིད་མཛད་སྒོར་ཞུགས་པ་དང་འབྲེལ་བཟོ་སྐྲུན་གྱི་རྩིག་རྨང་བཏིངས།
       ལིག་ཉིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བཟོ་སྐྲུན་ཚོད་ལྟའི་བྱ་བ་དངོས་སུ་ལས་འགོ་ཚུགས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་བཞེས་འོག་དང་།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའུ། ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་སོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཏུ། མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་མི་རིགས་ས་ཁུལ་གྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་ཐོན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་འདོད་ཀྱི་བསམ་པ་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད། ཟི་ལིང་གནམ་གྲུ་ཐང་གི་རྒྱས་བསྐྲུན་བཟོ་སྐྲུན་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་འཛུགས་སྐྲུན་རྣམ་གྲངས་ཤིག་དང་། མཚོ་སྔོན་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་གཙོ་གནད་ལས་གཞི་ཤིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་དྲ་རྒྱ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་པ་རྒྱ་ཆེ་རུ་གཏོང་བ། ཐོན་ཁུངས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།