མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་གཏིང་ཟབ་བྱས་ནས་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བར་སྣེ་ཁྲིད་བྱས།
2019.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཀྲི་མེན། སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཝང་ཁྲང་ཅིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝེ་ཙུན་ཧྲིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་འཆར་འགོད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲའོ་ལན་ཡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཁོངས་གཏོགས་ཁེ་ལས་དང་ལས་དོན་སྡེ་ཁག ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་བསྡོམས་རྩིས་ཅུའུ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ། ཞིང་ཆེན་ཚན་རིག་མཐུན་ཚོགས། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་སོགས་ཀྱིས་སྙན་ཞུ་ཕུལ། ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ནས་ཡོང་བའི་ཏང་ཡོན་ལས་བྱེད་པ་སྟོང་བཞི་ལྷག་གིས་སྒྲོག་འགྲེལ་སྙན་ཞུ་ལ་ཉན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་ལ་དམ་དུ་དམིགས་པ་དང་། ལོ་རྒྱུས་དང་གནས་ཚུལ་དངོས་ཐད་ནས་ཏང་གི་ལོ་རྒྱུས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་མཚོ་སྔོན་གྱི་གནས་ཚུལ་དངོས་དང་འབྲེལ་འདྲིས་བྱེད་པ། མིག་སྔའི་གནས་བབ་དང་ལས་འགན་ལ་ཟུང་འབྲེལ་བྱེད་པ། དཔེ་གཞི་དངོས་དང་བབ་ཆགས་ཀྱི་སྐད་ཆར་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་དང་བཀོད་སྒྲིག་གལ་ཆེན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི། མར་ཁེ་སི་རིང་ལུགས་ཀྱི་ཡིད་རྟོན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་འདུན་སོགས་ཐད་ནས་གསལ་བཤད་ཟབ་མོ་བྱས། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་དུང་ཉན་མཁན་ཚོ་དང་བསམ་བློ་བརྗེ་རེས་བྱས།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡན་གའོ་ལེན་གྱིས་བཤད་རྒྱུར། ཏང་ཡོན་ཞིག་ཡིན་པའི་ཆ་ནས། བརྗོད་དོན་སློབ་གསོ་དེ་བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ་དང་། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་བསྐྲུན་པ། སློབ་གསོ་དེང་རབས་ཅན་དུ་བསྒྱུར་བའི་གོ་སྐབས་གལ་ཆེན་དུ་བརྩིས་ནས། སློབ་གསོ་ལས་དོན་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་མདུན་དུ་བསྐྱོད་པ་དང་མིག་དཔེ་བྱེད་པ། གནད་དོན་ལ་དམིགས་ནས་ཞིབ་ལྟ་དང་བསམ་གཞིགས་ནན་མོ་གཏོང་བ། དག་ཐེར་ལེགས་བཅོས་ནན་མོ་བྱེད་པ། སློབ་གསོ་ཐིན་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོའི་སྤུས་ཚད་མཐོ་བ་དང་གྲུབ་འབྲས་ལྡན་པར་ཁག་ཐེག་བྱེད་པ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཀུང་ཟིའི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཧོང་ཝུན་ཡེ་ཡིས་བཤད་རྒྱུར། ཏང་གི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། བརྗོད་དོན་སློབ་གསོ་བརྒྱུད་དེ་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། གནད་དོན་ལ་ཞིབ་ལྟ་བྱེད་པ། དག་ཐེར་ལེགས་བཅོས་ནན་མོ་བྱེད་པ། རང་སྟེང་གི་སྤུས་ཚད་མཐོར་འདེགས་བཏང་སྟེ། ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་བར་ཐག་འཚོལ་བ། ལག་བསྟར་དམ་འཛིན་བྱེད་པ། སྣང་ཚུལ་བསྐྲུན་ནས། བློ་སེམས་རྩེ་གཅིག་གིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་བྱ་བར་དམ་འཛིན་བྱེད་པ་དང་། ཐོན་སྐྱེད་ཚོང་གཉེར་ཐད་ནས་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།