ཧོང་ཁུན་མེན་ཀྲུང་གོ་དང་ཡོ་ནན་ཏང་གཉིས་ཀྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅོ་ལྔ་བ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།
2019.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གོ་དང་ཡོ་ནན་ཏང་གཉིས་ཀྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅོ་ལྔ་བ་ཀོས་ཀྲིག་ཞིང་ཆེན་ཀོས་དབྱང་གྲོང་ཁྱེར་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་དང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་སློབ་གསོ་པུའུ་ཡི་པུའུ་ཀྲང་ཝུའུ་ཝུན་ཧྲང་གཉིས་ཀ་བགྲོ་གླེང་ཚོགས་འདུའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།

ཧོང་ཁུན་མེན་གྱིས་བཤད་རྒྱུར། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པ་དང་ཡོ་ནན་རྒྱལ་ཁབ་བཙུགས་ནས་ལོ་དོན་བཞི་ལོན་པའི་སྐབས་འདིར། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཆོས་ཉིད་བརྗོད་གཞི་ཡིན་པའི་བགྲོ་གླེང་ཚོགས་འདུ་བསྡུས་པར་དོན་སྙིང་གལ་ཆེན་ལྡན། ཡུན་རིང་ལ་འཚོལ་ཞིབ་དང་ལག་ལེན་བྱེད་པའི་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་དེ་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་རྐང་བཙུགས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཚོགས་རིང་ལུགས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་ཞིག་ཏུ་བདེ་བླག་ངང་བསྐྱོད་པར་མ་ཟད་ཀྲུང་གོ་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། མ་འོངས་པར་ཁ་ཕྱོགས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག ཀྲུང་གོ་མི་དམངས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་པ་དང་། ཧུར་ཐག་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་རྣམ་པ་གསར་བ་གསར་སྐྲུན་བྱེད་ངེས་ཡིན་ཟེར།

ཝུའུ་ཝུན་ཧྲང་གིས་བཤད་རྒྱུར། ཡོ་ནན་གྱིས་ཀྲུང་གོ་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས་ཡོ་ནན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།