ཀྲའོ་ཁི་ཀྲི་རྒྱལ་ཡོངས་ཀྱི་སྤྱི་བདེ་ཐིན་དང་ཅུའུ་ཀྲང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
2019.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་ཡིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ཐིན་དང་ཅུའུ་ཀྲང་བཞུགས་མོལ་ཚོགས་འདུའི་སྟེང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་སྒྲུབ་དགོས་ལ། ཐོག་མའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་དུས་སྟོན་གྱི་བརྟན་འཇགས་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད་ཉེན་ཁ་འགོག་པ་དང་བདེ་འཇགས་འགན་སྲུང་། བརྟན་འཇགས་སྲུང་སྐྱོབ་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཀྲའོ་ཁི་ཀྲི་ཡིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་འགན་འཁྲི་གསར་བ་དང་ལེན་བྱེད་པ་དང་དུས་སྟོབས་བདེ་འཇགས་འགན་སྲུང་བྱེད་པའི་ལག་ལེན་བྱ་འགུལ་གཉིས་ཟུང་སྦྲེལ་དམ་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྒྱལ་ཡོངས་སྤྱི་བདེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།